ཞི་ཅིན་ཕིང་ནས་ཏ་ཏ་ཨའེ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-29



        སྤྱི་ཟླ་1ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་པོ་ཏ་ཏ་ཨའེ་ལ་གློག་འཕྲིན་བཏང་གནང་ནས། ཁོང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རང་བཙན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ལ་བསྟུད་མར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

        ཞི་ཅིན་ཕིང་གིས། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། མིག་སྔར། ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཆེན་པོ་བསྐྲུན་ཡོད། ང་རང་ནས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། མུ་མཐུད་དེ་སྤྱི་ཁྱབ་ཏ་ཏ་ཨའེ་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་སོང་རྒྱུན་འཛིན་དང་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1