༄༅། །ཁྱེད་ཀྱིས་ཁྱིམ་དུ་སྡོད་སྐབས་གཙང་སྦྲ་འདི་དག་བསྒྲུབས་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-02



ཁྱིམ་དུ་སྡོད་སྐབས་ཀྱི་གཙང་སྦྲའི་གཙོ་གནད།

        བདེ་ཐང་གི་ཁྱིམ་སྡོད་ཁོར་ཡུག་ཅིག་ཡོད་ཚེ། པྲོག་གསར་ནད་དུག་འགོ་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བས།ཁྱིམ་དུ་སྡོད་སྐབས་གཙང་སྦྲ་འདི་དག་ལེགས་པོར་བསྒྲུབ་དགོས་པ་སྟེ།

གཅིག རླུང་རྒྱུ་རུ་འཇུག་པ།

        གནམ་གཤིས་གནས་ཚུལ་ལ་གཞིགས་ནས། ཉིན་རེར་ཐེངས2ནས3ལ་རླུང་རྒྱུ་རུ་འཇུག་པ་དང་། ཐེངས་རེར་དུས་ཚོད་ཕྱེད་ཀའི་རིང་ཡིན་དགོས།

གཉིས། ལག་པ་གཙང་མར་བཀྲུ་བ།

        སྒོ་ཕྱི་ནས་ཕྱིར་ཁྱིམ་དུ་ལོག་ཚེ་ལག་པ་ངེས་པར་དུ་བཀྲུ་དགོས། ནད་དུག་འགོ་སྲིད་པའི་དངོས་རྫས་དང་ཐུག་རེག་བྱས་རྗེས་ངེས་པར་དུ་ལག་པ་བཀྲུ་བ་དང་ཡང་ན་ལག་པར་དུག་སེལ་བྱེད་དགོས།

གསུམ། ལྭ་བ་བརྗེ་བཀྲུ་བྱེད་པ།

        སྒོ་ཕྱིར་འགྲོ་དུས་གྱོན་པའི་ལྭ་བ་དུས་རྒྱུན་དུ་བརྗེ་བཀྲུ་བྱེད་པ་དང་། དགོས་གལ་བྱུང་ཚེ་ཆུ་ཁོལ་གྱིས་དུག་སེལ་བྱེད་པའམ་ཡང་ན་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་ལྟར84དུག་སེལ་ཆུ་སོགས་ཀྱིས་སྦངས་ཏེ་དུག་སེལ་བྱེད་དགོས།

བཞི །ཁྱིམ་ཆས་ལ་གཙང་སྦྲ་བྱེད་པ།

        སྒོ་ལུང་དང་ཅོག་ཙེའི་ངོས་སོགས་ལག་པས་རྒྱུན་དུ་ཐུག་རེག་བྱེད་པའི་ངོས་ལ་ཉིན་བཞིན་གཙང་སྦྲ་བྱེད་པ་དང་། དགོས་གལ་བྱུང་ཚེ(དཔེར་ན་ཁྱིམ་དུ་མགྲོན་པོ་ཡོང་བ་སོགས)ཐོན་རྫས་ཀྱི་གསལ་བཤད་ཡི་གེ་ལྟར་ཆང་བཅུད་དང་ཡང་ན84དུག་སེལ་ཆུ་སོགས་ཀྱིས་ཕྱིས་ནས་དུག་སེལ་བྱེད་དགོས།

ལྔ། བཏུང་སྣོད་ལ་དུག་སེལ་བྱེད་དགོས།

        ཁྱིམ་དུ་མགྲོན་པོ་ཡོང་རྗེས། དུག་སེལ་བྱེད་དགོས་པའི་བཏུང་སྣོད་དག་ཆེད་སྤྱོད་ཀྱི་སླ་ང་བཀོལ་ནས་དུས་ཚོད་སྐར་མ15ཡན་ལ་བཙོ་དགོས།

དྲུག གད་སྙིགས་གཙང་སེལ་བྱེད་དགོས།

        ཁྱིམ་མི་གློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་གཙང་ཤོག་གིས་ཁ་སྣ་གཅོད་པ་དང་། བཀོལ་སྤྱོད་བྱས་ཟིན་པའི་གཙང་ཤོག་སོགས་གད་སྙིགས་འགྱིག་ཁུག་གཞན་ཞིག་ཏུ་འཇོག་དགོས་པར་མ་ཟད། དུས་ཐོག་ཏུ་མེད་བརླག་ཏུ་གཏོང་དགོས་ལ། ཁྱིམ་མི་གཞན་དག་གིས་ཐུག་རེག་བྱེད་པར་གཡོལ་དགོས།

བདུན། མཉམ་འཇོག་བྱེད་དགོས་ས།

        པྲོག་གསར་དང་ཆམ་ནད་སོགས་དབུགས་ལམ་གྱི་འགོས་ནད་སྔོན་འགོག་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་འོས་འཚམས་ཀྱིས་དུག་སེལ་བྱེད་དགོས་པ་ལས། ཚད་བརྒལ་གྱིས་དུག་སེལ་བྱས་ཏེ་རྫས་འགྱུར་གྱི་བརྫད་སྐྱོན་འབྱུང་བར་གཡོལ་དགོས།

ཞིང་ཆེན་བདེ་ཐང་སློབ་གསོ་ཁང་གིས་འདོན་སྤྲོད་བྱས་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1