མཚོ་ཁྱ་ཁྲེབ་མཛེས་ལྡན་གྱི་མཚེའུ་རུ་བདམས་ཐོན་བྱུང་།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-08


        ཉེ་ཆར། རྔ་བ་ཁུལ་གྱི་མཚོ་ཁྱ་ཁྲེབ་2022ལོའི་སི་ཁྲོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་གཞི་རུ་བདམས་ཐོན་བྱུང་།

        ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཤིང་། མཚོ་ཁྱ་ཁྲེབ་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་རུ་འདེམས་པའི་སྙན་ཞུ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དེ་འབྲེལ་གྱི་གནད་དོན་ཁྱོན་ཡོངས་ནས་གསེད་དཀྲོལ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་གི་ཕན་འབྲས་ལ་ཚོད་དཔག་དང་། ཉམས་མྱོང་དང་བྱེད་ཐབས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡོམས་བཅས་བྱས་ནས། སི་ཁྲོན་ཞིང་ཆེན་ཁོར་ཡུག་སྲིད་ཇུས་ཞིབ་འཇུག་དང་འཆར་འགོད་ཁང་གི་ལག་རྩལ་གྱི་རྒྱབ་སྐྱོར་འོག །རྔ་བ་ཁུལ་གྱི་མཚོ་ཁྱ་ཁྲེབ་2022ལོའི་སི་ཁྲོན་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་ཡི་ཕུལ་བྱུང་དཔེ་གཞི་རུ་བདམས་ཐོན་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1