དུས་ཚོད་འགོར་འགྱངས་མི་བྱེད་པར་དཔྱིད་རྨོད་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-13



        དཔྱིད་མགོ་ཚུགས་རྗེས། གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་ཤིང་སྡོང་སྐྱེ་འཚར་གྱི་དུས་ལ་སླེབས། སྐབས་འདིར་ཤིང་སྡོང་ལ་ཡལ་བཞུར་བརྒྱབ་ན་སྡོང་བོའི་རྣམ་པ་དང་སྐྱེ་ཚུལ་ལེགས་པོ་རྒྱུན་འཁྱོངས་བྱེད་ཐུབ་པས། གཟི་རྩ་སྡེ་དགུའི་ཞིན་ཧའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཤིང་ཏོག་ལིའི་ར་བ་རུ་ལས་བཟོ་བ་རྣམས་ཀྱིས་ལི་སྡོང་ལ་ཡལ་བཞུར་རྒྱག་བཞིན་ཡོད།

        ལོ་ཤས་རིང་ལ་འཕེལ་རྒྱས་བཏང་བ་བརྒྱུད། གཟི་རྩ་སྡེ་དགུའི་ཞིན་ཧའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་མུའུ་3000ཟིན་པའི་ཤིང་ཏོག་ལི་ཐག་རིང་ཐུང་གང་སར་སྐད་གྲགས་ཡོད་ལ། 2022ལོར་སྤྱིའི་ཐོན་ཚད་རྒྱ་མ་ཁྲི་150ལྷག་ཙམ་ལས་བརྒལ། ཐོན་འབབ་སྒོར་ཁྲི་500ལྷག་དང་ངལ་རྩོལ་འགྲོ་སོང་ལ་སྒོར་ཁྲི་180ལྷག་ཟིན་ཡོད། ས་གནས་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དེ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྔར་ལས་མང་པོར་ཡོང་འབབ་འཚོལ་བ་དང་ཁྱིམ་ལ་བདག་སྐྱོང་བྱེད་པར་འགོར་འགྱངས་མི་བྱེད་པ་མངོན་འགྱུར་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1