ཟླ་གཉིས་པའི་ཟླ་སྟོད་ལ། ཧུང་ཡོན་རྫོང་གི་ས་གཞི་ཀུན་ལ་ཁ་བས་གཡོགས་འདུག །ཟླ་2 པའི་ཚེས་8ཉིན། ཧུང་ཡོན་རྫོང་གི་སྤྱི་ཚོགས་ཁྲིམས་སྐྱོང་གློག་འགྲེལ་རུ་ཁག་གི་ཁོངས་མི་དག་གིས་ལམ་རྒྱགས་ཁུར་ནས་ཡུལ་ཤོག་དང་གྲོང་རྡལ་སོ་སོར་སོང་ནས་ཁྲིམས་སྐྱོང་དང་འབྲེལ་བའི་སྲིད་ཇུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་རུ་ཁག་གིས་གཞུང་ལུགས་དང་དཔེར་བརྗོད་ཟུང་འབྲེལ་གྱིས་གོ་བདེ་ཞིང་ངེས་སླ་བའི་སྒོ་ནས་ཞིང་འབྲོག་མང་ཚོགས་རྣམས་ལ་《སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་སྔོན་འགོག་གི་སྲོལ་ཡིག》དང་《བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱིས་གཙོས་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་འགྲེལ་བཤད་བྱས།