ཟླ་2ཚེས་8ཉིན། བོད་ལྗོངས་ལྷ་སར། མང་ཚོགས་ཀྱིས་བར་སྐོར་ཚོང་གྲོང་དུ་ལོ་གསར་གྱི་མཁོ་ཆས་“ལུག་མགོ་”ཉོ་བཞིན་པ། བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ། ལྷ་སའི་མང་ཚོགས་ཀྱིས་རྩེ་སྒྲོ་དང་། ཤམ་བུ། སྒྲོ་སོ་ཕྱེ་མར་སྒྲོན་བྱེད་ཀྱི་འབོ་སོགས་ལོ་གསར་གྱི་མཁོ་ཆས་ཉོ་འགོ་ཚུགས་ཏེ། གནའ་གྲོང་ལྷ་སའི་ཁྲོམ་ལམ་ཆེ་ཆུང་གང་སར་ལོ་གསར་གཏོང་གྲབས་ཀྱི་རྣམ་པས་ཁེངས།