ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་13ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལུའུ་ཅན་ཁོའོ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ལྗར་པན་ཕྱོགས་ཀྱིས་ཨུ་རུ་སུའི་མཐའ་མཚམས་ས་ཁུལ་དུ་ཉེན་ཁ་ཆེ་བའི་དམག་དོན་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ལྗར་པན་དང་ཨ་རི། རྒྱལ་ཁབ་གཞན་དག་བཅས་ཀྱིས་ཨུ་རུ་སུ་དང་ཉེ་བའི་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་དོན་ནང་སྦྱོང་བྱེད་པ་དང་། འཕུར་མདའ་སོགས་པའི་གོ་མཚོན་གསར་པ་ཚོད་ལྟ་བྱེད་པའི་ནང་པེ་ཧའེ་ཏའོ་དང་ཅིའུ་ཀྲོའུ་གླིང་ཕྲན་དུ་མྱུར་ཚད་མགྱོགས་པའི་འཕུར་མདའ་བཀོད་སྒྲིག་བྱ་རྩིས་ཡོད་པ་རེད།
ལུའུ་ཅན་ཁོའོ་ཡིས། དེའི་ཐད་ཨུ་རུ་སུ་ཕྱོགས་ནས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་ལྗར་པན་ཕྱོགས་ལ་རྒོལ་གཏམ་ཐེངས་མང་བཏང་བ་དང་། ཨུ་རུ་སུས་ལྗར་པན་གྱི་དམག་དོན་འཕེལ་རྒྱས་ལ་མུ་མཐུད་དོ་ཁུར་ཆེན་པོ་བྱ་རྒྱུ་ཡིན། ལྗར་པན་གྱིས་ཨུ་རུ་སུའི་ཤར་ཕྱོགས་ས་ཁུལ་ལ་བདེ་འཇགས་ཀྱི་འཇིགས་སྐུལ་བཟོས་ཚེ། ཨུ་རུ་སུས་རང་ཉིད་ཀྱི་དམག་དོན་འགོག་སྲུང་འཆར་ཁོངས་སུ་འགོག་རྒོལ་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།