ཧུང་ཡོན་རྫོང་གིས་མ་བུ་ཁེར་འདུག་གི་ཁེ་དབང་སྲུང་སྐྱོང་བྱ་བའི་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ།

ཚེ་རིང་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-15


        ཀྲུང་ཧྭ་མི་རིགས་ཀྱི་ཉམས་ཞན་རོགས་སྐྱོར་གྱི་སྲོལ་རྒྱུན་བཟང་བོ་སྔར་བས་དར་སྤེལ་བཏང་སྟེ། འབྲོག་ཁུལ་གྱི་ལུགས་རྙིང་སྲོལ་ངན་རང་རྟོགས་ངང་མེད་པ་བཟོ་བ་དང་། འབྲོག་ཁུལ་གྱི་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའམ་ཁེར་ཧྲེང་གི་ཕ་མའི་ཁེ་དབང་སྲུང་སྐྱོང་དང་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད། ཟླ་2ཚེས་13ཉིན་ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་དང་། རྫོང་མི་དམངས་ཁྲིམས་ཁང་། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་པ་སྦྲ་ཆེན་གྲོང་རྡལ་དུ་བསྐྱོད་དེ་མ་བུ་ཁེར་འདུག་གི་ཁེ་དབང་སྲུང་སྐྱོང་ཤེས་བྱའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

        བྱ་འགུལ་ཁྲོད་སྒྲོག་བཤད་མི་སྣས་གོ་བདེ་ཤེས་སླ་བའི་ཡུལ་སྐད་ཀྱིས་གསོན་ཉམས་ལྡན་པའི་སྒོ་ནས་ཁོ་མོ་ཚོ་ལ་གཉེན་སྒྲིག་གི་རྩོད་གཞི་དང་། རྒྱུ་ནོར་བགོ་བཤའ། བསྙེན་བཀུར་ཤུལ་འཛིན། བཅའ་ཁྲིམས་ཀྱིས་ཅི་ལྟར་རང་གི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་སོགས་དང་འབྲེལ་བ་ཡོད་པའི་ཤེས་བྱ་འགྲེལ་བཤད་ཟབ་མོ་བྱས་པར་མ་ཟད། དམིགས་ཡུལ་ཡོད་པའི་སྒོ་ནས་གནད་དོན་དེ་འདྲ་ལ་འཕྲད་རྗེས་གང་ལྟར་ཐག་གཅོད་བྱེད་དགོས་པའི་ཐབས་ཤེས་དང་ཐབས་ལམ་བཏོན་ཏེ། རྒྱ་ཆེའི་མ་བུ་ཁེར་འདུག་སོགས་ལ་སློབ་གསོ་དང་ཁྲིད་སྟོན་སྔར་ལས་ལྷག་པ་བྱས་ནས། ཁོ་མོ་ཚོས་རང་རྟོགས་ངང་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་པ་དང་ཁྲིམས་ལུགས་བརྩི་སྲུང་བྱ་བའི་འདུ་ཤེས་ཟབ་ཏུ་བཏང་བ་དང་། ཁྲིམས་ལྟར་བློ་རིག་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་བར་རྨ་གཞི་བརྟན་པོ་བཏང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1