ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཚན་རིག་དང་མཐུན་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྤྱིའི་འཆར་འགོད་བཟོས་ཤིང་། རིག་གནས་དང་ཡུལ་སྐོར་སྡེ་ཁག་བཅོས་བསྒྱུར་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་གོ་སྐབས་ལ་བརྟེན་ནས། སྣ་མང་ཅན་དང་ཁོངས་ཡོངས་ཅན་གྱི་“ཡུལ་སྐོར+”ཡི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད། “མཛེས་ལྗོངས་ཁུལ་རྒྱ་བསྐྱེད་དང་རིག་གནས་བླ་སྲོག་ཏུ་འཛིན་པ། རིག་གནས་དང་ཡུལ་སྐོར་ཟུར་འབྲེལ”ལ་བརྟེན་ནས་ནུས་ཤུགས་ཅི་ཡོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྨ་ཆུ་དང་རྒྱང་སྐྱོད། འབྲོག་པའི་རུ་སྤོ། ཞིང་ལས་བཅས“རིག་གནས་རིགས་བཞི”ལ་བརྟེན་ཏེ། 《ངང་ཆེན་མཚེའུ་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་འཆར་འགོད》བཟོས་ཏེ། ལོ་རེ་བཞིན་རྨ་ཁུགས་དང་པོ་དང་མཚོ་ཁྲ་སོགས་ལྗོངས་ཁུལ་གཙོ་བོའི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་གཏོང་བ་དང་། “གནམ་མཐའི་མེ་ལོང”སོགས་དྲ་གྲགས་ཡུལ་ལྗོངས་ཁུལ་གསར་དུ་བསྐྲུན་པ་དང་། དཔལ་སྐྱིད་གྲོས་ཚོགས་གསར་བརྗེའི་ཡུལ་སྐོར་གྱིAགསུམ་རིམ་པའི་ལྗོངས་ཁུལ་གསར་སྐྲུན་རེ་ཞུ་ལེགས་འགྲུབ་བྱུང་བར་བརྟེན། རྫོང་ཡོངས་སུAརིམ་པའི་ལྗོངས་ཁུལ་6ལ་འཕར།