དཔེ་རྙིང་འབོར་ཆེན་ཞིག་ཉམས་གསོ་དག་སྒྲིག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-16



        བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི་དགོན་སྡེ་ཞིག་ཏུ་ཉར་ཚགས་གནང་བའི་བོད་བརྒྱུད་ནང་བསྟན་གྱི་བོན་པོའི་ཆོས་ལུགས་སྐོར་གྱི《བཀའ་འགྱུར》གྱི་དཔེ་རྙིང་འབོར་ཆེན་ཞིག་ཉམས་གསོ་ལེགས་འགྲུབ་བྱུང་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་དུ་བདམས་པའི་དཔེ་རྙིང་དག་ལ་བོད་ལྗོངས་ནས་ཐེངས་དང་པོར་ཉམས་གསོ་གནང་བ་ཞིག་རེད།

ལྷག་འཕྲོར་ལུས་པའི་བམ་པོ75དང་དེབ1500ཙམ་ཡོད།

        བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འགོ་གཙོ་གཞོན་པ་དང་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 《བཀའ་འགྱུར》དེའི་ལྷག་འཕྲོ་བམ་པོ75དང་དེབ1500ཙམ་ཡོད་པ་དག་དུས་རབས15པ་ནས16པའི་བར་ཡིན་པ་དང་། ཐོག་མར་གཏན་འཁེལ་ཤེས་རྟོགས་བྱུང་བ་དེ་ནི་ཅུང་སྔ་བའི་དུས་ཀྱི《བཀའ་འགྱུར》ཁྲོད་ཀྱི་དཔེ་རྙིང་ཞིག་ཡིན་པ་རེད། འདས་ཟིན་པའི་ལོ་གཉིས་ཀྱི་ནང་དུ། དཔེ་རྙིང་ཉམས་གསོ་གནང་མཁན་གྱིས་དེའི་ཁྲོད་ཀྱི་ཞིག་རལ་དུ་སོང་བའི་བམ་པོ་གཉིས་ལ་ཉམས་གསོ་གནང་ནས།  ད་ལོ་དུས་བཅད་ལྟར་དགོན་སྡེར་རྩིས་སྤྲོད་བྱ་རྒྱུ་རེད།


        2015ལོར་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་བཙུགས་པ་ནས་བཟུང་། ཏ་ལའི་ལོ་མར་བྲིས་པའི་དཔེ་རྙིང5000ལྷག་ཙམ་ཉམས་གསོ་གནང་ཞིང་། 2022ལོར་དཔེ་རྙིང་ལ་ཡོངས་བཤེར་དང་ཆད་ལུས་ཞིབ་བཤེར་གནང་བའི་ལས་དོན་ཁྲོད། ལྟེ་གནས་དེས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་ཁག་སོ་སོར་དཔེ་རྙིང་ཆ་ཚང4739དང་པོ་ཏི1760ལ་གཟིགས་བཤེར་གནང་བ་དང་།  གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་བམ་པོ226དང་།  ནག་ཆུ་གྲོང་ཁྱེར་གྱི་རྫོང་གཉིས་སུ་བམ་པོ267ལེགས་སྒྲིག་གནང་ཞིང་། ས་སྐྱ་རྫོང་གི་བོད་ཡིག་དཔེ་རྙིང2000ལྷག་ཙམ་ལ་བོད་ཡིག་གི་པར་གཞི་པར་འདེབས་ཀྱི་དཔྱད་འདེམས་ལས་དོན་རགས་ཙམ་གནང་བ་རེད།

        གཞན་ཡང་གཞི་གྲངས་ཀྱི་ཐད་ནས་བརྗོད་ན།   2019ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་དཔེ་རྙིང་གཞི་གྲངས་ཅན་དུ་བཅོས་ནས་སྲུང་སྐྱོབ་བྱེད་འགོ་ཚུགས་པ་དང་། མིག་སྔར་བམ་པོ400ལྷག་ཙམ་ལེགས་སྒྲིག་གནང་བའི་ཁྲོད། ན་ནིང་གཞི་གྲངས་ཅན་གྱི་རྣམ་གྲངས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས་ནས་ཏ་ལའི་ལོ་མའི་དཔེ་རྙིང་ཁྲི3ལེགས་སྒྲིག་གནང་བ་དང་།  ད་ལོ་སྔར་ལས་ལྷག་པར་འབད་བརྩོན་གནང་བཞིན་ཡོད། གཞི་གྲངས་ཅན་དུ་གྱུར་པའི་དཔེ་རྙིང་དེ་དག་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་བར“བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་ཚད་ལྡན་གྱི་ཡིག་ཆའི་གཞི་གྲངས”ཞེས་པར་བཙལ་ནས་ལྟ་ཀློག་བྱེད་ཆོག

        འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིག་གནས་ལ་སྲུང་སྐྱོང་དང་། ཁྲིམས་འགལ་ངང་བེད་སྤྱོད་གཏོང་བའི་རིགས་བཀག་འགོག་བྱ་ཆེད། དུས་མཇུག་ཏུ་ལྟ་ཆོག་མིན་གྱི་ཚད་གཞི་བཟོས་རྗེས། སླར་ཡང་དྲ་བའི་ཐོག་ནས་ཀློག་པ་པོ་ཚོར་སྟོན་རྒྱུ་ཡིན་པ་དང་། ད་དུང་ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང་ཁག་དང་པོའི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་ཡང་སྤེལ་འཆར་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1