ལྷ་ཀླུ་འདམ་ར་ནས་སྤྲེའུ་ཕྲུག་ཅིག་རྙེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-16


        ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་མངགས་གཏོང་ཁང་སྡེ་ཁུལ་ཉེན་རྟོག་ཡན་ལག་རུ་ཁག་བཞི་པའི་བརྒྱད་གཅིག་བྱང་ལམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་110བཀོད་འདོམས་ལྟེ་གནས་ཀྱི་མངགས་གཏོང་ཉེན་རྟོག་པའི་ཞལ་པར་འབྱོར་དོན་དུ། མི་ཞིག་གིས་ལྷ་ཀླུ་འདམ་རའི་ཉེ་འགྲམ་ནས་སྤྲེའུ་ཕྲུག་ཅིག་རྙེད་པ་ཐོས་སྐབས། ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ལས་རེས་དམངས་རོགས་ཉེན་རྟོག་པས་འཕྲལ་མར་ས་གནས་དེ་གར་ཐག་གཅོད་བྱེད་པར་བསྐྱོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་བརྡ་གཏོང་མཁན་སྐུ་ཞབས་ཚེ་ཆེ་གོ་མོ་ལྷ་ས་གྲོང་ཁྱེར་ནུབ་ངོས་བདེ་སྡོད་སྡེ་ཁུལ་གྱི་ཁ་སྤྲོད་ནས་བསྐྱོད་སྐབས། འདམ་རའི་ཉེ་འགྲམ་དུ་ལུས་པོ་ཆ་ཚང་རློན་པར་གྱུར་པའི་སྤྲེའུ་ཕྲུག་ཅིག་མཐོང་བ་དང་། ཇི་ལྟར་བྱེད་དགོས་མིན་མ་ཤེས་པར་ཉེན་རྟོག་པར་ཞལ་པར་ཕུལ་བ་རེད།

        ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཉེན་རྟོག་རམ་འདེགས་པས་ས་གནས་དེ་གར་བརྟག་དཔྱད་སྟབས་བདེ་བྱས་པ་བརྒྱུད། སྤྲེའུ་ཕྲུག་དེར་རྨས་སྐྱོན་མངོན་གསལ་དོད་པོ་མེད་པ་དང་། ལུས་པོ་ཆ་ཚང་རློན་པར་གྱུར་པ་མཐོང་འཕྲལ་དམངས་རོགས་ཉེན་རྟོག་པས་སྤྲེལ་ཕྲུག་དེ་ཉེན་བརྡ་གཏོང་མཁན་གྱི་ས་ནས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲིད་དེ། དྲོད་སྲུང་སྟབས་བདེ་བྱས་པ་མ་ཟད། འབྲེལ་ཡོད་བདག་མེད་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་ལ་འབྲེལ་གཏུག་བྱས། ཆུ་ཤུལ་གྱི་བདག་མེད་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ཀྱི་ལས་དོན་མི་སྣས་སྤྲེའུ་ཕྲུག་དེ་རིམ་གཉིས་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ལུས་པོར་སྐྱོན་ཆེན་པོ་མེད་པའི་ངོས་འཛིན་བྱས་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། སྤྲེའུ་དེ་ནི་རྒྱལ་ཁབ་ཀྱི་རིམ་གཉིས་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། དེར་སྤྲེའུ་སེར་པོ་ཡང་ཟེར།《ཀྲུང་གོའི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ་ཁོངས་ལས་གཅན་གཟན་གྱི་བམ་པོ་》ནང་ཉེན་ཆེའི་རིགས་སུ་བརྩིས་ཡོད། སྤྲེའུ་ཟ་རྒྱུ་མེད་པའི་དུས་ཚིགས་སུ་ཉེ་འགྲམ་གྱི་གྲོང་མིའི་ཁྱིམ་དུ་ཟས་འཚོལ་བར་འོང་སྐབས་སོ་འདེབས་ཉེན་ཡོད་པས། གནས་ཚུལ་དེ་རིགས་འཕྲད་ཚེ་ལམ་སེང་ཉེན་བརྡ་གཏོང་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1