དུག་འགོག་སློབ་གསོས་སློབ་མའི་འཚར་ལོངས་སྲུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-16



སློབ་སྐབས་གསར་བའི་སློབ་ཐུན་དང་བོ་འཚོགས། དུག་འགོག་སློབ་གསོས་སློབ་མའི་འཚར་ལོངས་སྲུང་།།

        ཕྱོགས་ཡོངས་ནས་ལོ་ཆུང་གཞོན་ནུའི་དུག་འགོག་དང་དུག་གཅོད་ཀྱི་ནུས་པ་དང་དུག་གི་ཉེས་པའི་ངོས་འཛིན་ཇེ་མཐོར་བཏང་ནས། ལོ་ཆུང་གཞོན་ནུ་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད། ཟླ་2ཚེས་14ཉིན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་གཏིང་ཟབ་པའི་ངང་ནས་བོད་ཡིག་སློབ་འབྲིང་དུ་དཔྱིད་དུས་ཀྱི་སློབ་སྐབས་གསར་བའི་ཁྲིམས་སྐྱོང་སློབ་ཐུན་དང་བོའི་དུག་འགོག་བརྗོད་དོན་གྱི་སྒྲོག་འགྲེལ་སློབ་རར་བསྐྱོད་པའི་བྱེད་སྒོ་སྤེལ།

        བྱེད་སྒོའི་ཡུལ་དངོས་སུ། སྒྲོག་བཤད་མི་སྣས་PPTསློབ་ཁྲིད་ཟིན་བྲིས་བཀོལ་ནས་གོ་བདེ་དོན་འདུས་ཀྱི་ཡི་གེ་དང་རི་མོ། པར་རིས་སོགས་ཀྱི་ལམ་ནས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་སློབ་གྲོགས་རྣམས་ལ་དུག་རྫས་སྐོར་གྱི་ཤེས་བྱ་རྒྱས་ཁྲིད་བྱས། སློབ་མ་རྣམས་ལ་དོན་དངོས་ཀྱི་དཔེ་གཞི་རེ་རེ་དྲངས་དེ་དུག་རྫས་ཀྱིས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་ལ་བཟོས་པའི་གནོད་འཚེར་རྒྱུས་ལོན་བྱེད་དུ་བཅུག་པ་དང་། མ་འོངས་པའི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་དུག་རྫས་དང་རྒྱང་ཅི་ལྟར་བཀྱེད་དགོས་པའི་ཚུལ་མཉམ་སྤྱོད་བྱས་ཏེ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་གཉིས་ཀར་དུག་འགོག་གི་འཛིང་རགས་བརྟན་པོ་འཛུག་ཏུ་བཅུག སྒྲོག་བཤད་སྐབས་སུ་བོད་རྒྱ་སྐད་གཉིས་ཀྱི་དུག་འགོག་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་སྒྲ་དང་བརྙན་བཏང་བ་དང་། དུག་འགོག་ཤེས་བྱའི་འགྲེམ་སྟོན་སྒོ་སམ་བཤམས་པ།  དྲི་བར་ལན་བཏབ་ན་བྱ་དགའ་སྟེར་བ། ཁྲིམས་ལུགས་འདྲི་རྩད། དུག་འགོག་མཆན་བཀོད་གྱང་ངོས་སུ་མཆན་འགོད་པ་སོགས། བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་དོད་ཅིང་། སློབ་རའི་དུག་འགོག་གི་སྣང་ཚུལ་ལེགས་པོ་བསྐྲུན།

        ལོ་ཆུང་གཞོན་ནུ་ནས་བཟུང་སློབ་གསོ་ཁྲིད་སྟོན་བྱས་ཏེ་དུག་འགོག་དྲིལ་སྒྲོག་གི་ཕྲེང་བསྟར་བྱེད་སྒོ་སྤེལ་བ་བརྒྱུད། སློབ་རའི་དུག་འགོག་དྲིལ་སྒྲོག་སློབ་གསོའི་སྤྲོ་སྣང་རང་བཞིན་དང་དངོས་ཕན་རང་བཞིན།  ཤུགས་རྐྱེན་རང་བཞིན་ཇེ་མཐོར་བཏང་བ་དང་། སློབ་མ་རྣམས་ལ་དུག་རྫས་ཀྱི་གནོད་སྐྱོན་རྟོགས་པར་བྱེད་པ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཐུན་མོང་ཐོག་དུག་འགོག་ཁྲོད་ཟབ་ཞུགས་བྱེད་པར་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་ན། ལོ་ཆུང་གཞོན་ནུ་རྣམས་དུག་རྫས་དང་རྒྱང་བཀྱེད་དེ་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་སྒོ་ནས་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱེད་ཐུབ་པས།  མཛོད་དགེ་རྫོང་གིས་དུག་མེད་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པར་ཁྲིམ་སྐྱོང་གི་སྣང་ཚུལ་ཤིན་ཏུ་ལེགས་པ་བསྐྲུན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1