དཀར་མཛེས་ཁུལ་གྱི་རྫོང་འདི་དག་ཞིང་ཆེན་གྱི་སྐར་རིམ་མིང་ཐོར་ཚུད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-20



     ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་གཞུང་ཕྱོགས་དྲ་བར2022ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་སྐར་རིམ་དེང་རབས་ཞིང་ལས་གླིང་ཁུལ་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།

     དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་གི་སྔོ་ཚལ་དེང་རབས་ཞིང་ལས་གླིང་ཁུལ“2022ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་སྐར་ལྔ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ”གྱི་གྲས་སུ་ཚུད་པ་དང་། དཀར་མཛེས་རྫོང་གི་ནས་དེང་རབས་ཞིང་ལས་གླིང་ཁུལ“2022ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ”གྱི་གྲས་སུ་ཚུད་པ།ཕྱག་ཕྲེང་རྫོང་གི་ཀུ་ཤུ་དང་བོད་ཕག་གསོ་ཚགས་འཁོར་རྒྱུག་དེང་རབས་ཞིང་ལས་གླིང་ཁུལ་དང་གསེར་རྟ་རྫོང་གི་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་གཉིས“2022ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ”གྱི་གྲས་སུ་ཚུད་ཡོད། 

     ད་རེས་དཀར་མཛེས་ཁུལ་གྱི་གླིང་ཁུལ་བཞི་ཞིང་ཆེན་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་ལོ་འཁོར་གྱི“གཟི་བརྗིད་མིང་ཐོ”ནང་ཚུད་པ་དང་། དེ་ནི་དཀར་མཛེས་ཁུལ་གྱིས་སྤྱི་འདོམས་ལེགས་སྒྱུར་དང་ནང་སྲོལ་སྡེབ་སྒྲིལ། ཡུལ་སྡེ་དར་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་གྲུབ་འབྲས་དངོས་མཚོན་ཡོད་ཅིང་། ཁྱད་པར་དུ་གླིང་ཁུལ་བཞི་ཞིང་ཆེན་རིམ་པའི་སྐར་རིམ་དེང་རབས་ཞིང་ལས་གླིང་ཁུལ་གྱི་རིམ་པར་འཕར་བ་རེད།2022ལོའི་སྤྱི་ཟླ་དང་པོ་ནས10པའི་བར། གླིང་ཁུལ་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི7490.25ལ་ཟིན་ཏེ། ཞིང་ལས་ཐོན་སྐྱེད་མུའུ་རེའི་ཐོན་འབབ་རྫོང་ཡོངས་ཀྱི་བརྒྱ་ཆ82.95ལ་ཟིན་པ་རེད།

    ཞིང་ཆེན་རིམ་པའི་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་རིམ་པ་འཕར་བའི་དཀར་མཛེས་རྫོང་གི་ནས་དེང་རབས་ཞིང་ལས་གླིང་ཁུལ་དེ“ཁམས་བྱང་འབྲུ་མཛོད”ཀྱི་ལྟེ་བའི་ཁུལ་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་མུའུ3171.34ལ་ཟིན་པ་དང་།སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི7860ལ་ཟིན་ཡོད།འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་ནས་ཀྱི་སོན་བཟང་འདེབས་གསོ་དང་ཐོན་སྐྱེད་མུའུ20000ལ་ཟིན་ཏེ། ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ86ལ་ཟིན་པས། ས་གནས་རང་གི་མང་ཚོགས་ཁྲི2ལྷག་ལ་ཕན་ཐོགས་པ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ7.4མཐོ་བ་རེད།

    ཞིང་ཆེན་རིམ་པའི་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ཕྱག་ཕྲེང་རྫོང་གི་ཀུ་ཤུ་དང་བོད་ཕག་གསོ་ཚགས་འཁོར་རྒྱུག་དེང་རབས་ཞིང་ལས་གླིང་ཁུལ་ནི་མིག་སྔར་བོད་འབྲེལ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་གཅིག་སྡུད་ཡུག་འབྲེལ་གྱི་ཚད་ལྡན་ཅན་གྱི་རིག་ལྡན་ཞིང་ལས་གླིང་ཁུལ་ཡིན་ལ།2022ལོར་གླིང་ཁུལ་གྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཁྲི15658ལ་ཟིན་ཏེ། དུད་ཚང678ཀྱི་མི4603གྱི་ཡོང་འབབ་འཕར་ཐུབ་ཡོད། གླིང་ཁུལ་གྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34016ཟིན་པ་དང་། ས་གནས་དེ་གའི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ43.7མཐོ་བ་རེད།

     གསེར་རྟ་རྫོང་གི་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་ནི་གསེར་ཁོག་གྲོང་རྡལ་ལྟེ་བར་གནས་ཤིང་། འབྲི་གཡག་གསོ་ཚགས་དང་ཟོག་ཤ་ཐོན་རྫས། འོ་བཟོས་བཟའ་ཆས་ལས་སྣོན་བཅས་ཀྱི་གཙོ་ཁྲིད་ཐོན་རྫས་གཙོ་བོ་གཉེར་བ་དང་། འབྲོག་རྩྭ་འདེབས་པ་དང་སྐྱེ་ལྡན་ལུད་རྫས་ལས་སྣོན།དབལ་ཤུལ་སྦྲ་ནག་ལྗོངས་ཁུལ་བཅས་ནི་གླིང་ཁུལ་གྱི་ལེ་ལག་ཚང་བའི་ཐོན་ལས་རེད།2021ལོར་གླིང་ཁུལ་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི11040ལ་ཟིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1