ཟླ་2ཚེས་13ཉིན་གྱི་དགོང་མོར། ཁྲོ་ཆུ་རྫོང་གི་ཡུལ་གྲུ་ཀུན་ཏུ་ཁ་བའི་འདབ་མས་ཁེབས། འདི་ནི་དཔྱིད་ཚུགས་རྗེས་ཀྱི་ཁ་བ་འབབ་ཐེངས་དང་བོ་ཡིན། ལྷབ་ལྷུབ་འབབ་པའི་ཁ་བའི་འདབ་མ་ནི་མེ་ཏོག་དཀར་བོ་མཐོན་མཐིང་དབྱིངས་ནས་བཞད་པ་འདྲ། ཁྲོ་ཆུ་རྫོང་གི་ས་གཞི་ཡོངས་ལ་ཁ་བས་གཡོགས་ནས་དཀར་བོང་བོང་བྱེད།
ཟླ་2ཚེས་14ཉིན་གྱི་ཞོགས་པར། སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་ཚེ་རྒྱ་སྲང་དང་ཁང་ཀླད། སྡོང་བོའི་ཡལ་ག ཞིང་ཁ་ཚང་མ་ཁ་བས་གཡོགས་ཏེ་དངུལ་དཀར་གྱི་འཇིག་རྟེན་ཞིག་གྲུབ་འདུག
གནའ་མིའི་བཤད་སྲོལ་དུ་ཡང་"དུས་ཐོག་ཏུ་ཁ་བ་འབབ་པ་ནི་ལོ་ལེགས་འབྱུང་བའི་སྔ་ལྟས་ཡིན"ཟེར། དེ་བས་ཁ་བ་འབབ་ཐེངས་འདིས་མི་རྣམས་ལ་ལོ་ལེགས་སྨིན་པའི་རེ་བ་ཞིག་ཁྱེར་ཡོང་བར་མ་ཟད། མི་སེམས་ལ་དགའ་བ་ཚད་མེད་རྒྱས་སུ་བཅུག
མི་མང་བོ་ཞིག་གིས་དངུལ་དཀར་གྱི་འཇིག་རྟེན་འདིའི་མཛེས་པ་ལོངས་སུ་སྤྱོད་ཞོར་དུ་ཡིད་འོང་གི་ལྗོངས་རྣམ་འདི་བརྙན་ལ་བླངས་ནས་ཕྱིར་དྲན་གྱི་ཟིན་ཐོ་བཟོ་བཞིན་འདུག