ཞི་ཅིན་ཕིང་གིས“ཀྲུང་གོ+ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ལྔའི”ཐོན་ལས་དང་མ་འཇོག་མཉམ་ལས་གླེང་ སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-20


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ+ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ལྔའི”ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ལྔའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་ཚུན། འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔ་རྗེས་སུ་བཙུགས་ནས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་མཉམ་ལས་གཉིས་ཁེའི་ལམ་བུ་གསར་པར་བསྐྱོད་དེ། རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་གསར་པ་བཏོད་ཡོད། ཀྲུང་གོས་ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ལྔ་དང་མཉམ་དུ་ཐོན་ལས་དང་མ་འཇོག་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་རྒྱུ་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ནང་ཞུགས་ཚད་མཐོ་རུ་བཏང་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

        ཀྲུང་གོས་ཨེ་ཤ་ཡ་དབུས་རྒྱུད་རྒྱལ་ཁབ་དང་མཉམ་དུ་གཞི་ཁྱོན་ཆེ་བའི་ཁྲོམ་ར་དང་། འཐུས་སྒོ་ཚང་བའི་ཐོན་ལས་མ་ལག སྔོན་ཐོན་ལག་རྩལ་བཅས་མཉམ་སྤྱོད་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། གཉིས་ཕན་གཉིས་ཁེ་ཡོང་བ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་བསྟན་གནང་བ་རེད།

        “ཀྲུང་གོ+ཨེ་ཤེ་ཡ་དབུས་རྒྱུད་རྒྱལ་ཁབ་ལྔའི”ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་དེ་ཉིན་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི“གཉིས་ཕན་གཉིས་ཁེ་དང་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ”དེ་ཡིན་ཞིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1