བྲོ་དང་གཞས་ཀྱིས་གནམ་ལོ་གསར་པ་བསུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-27



        སྤྱི་ཟླ2པའི་ཚེས21སྟེ་བོད་རབ་རྒྱན་ཆུ་ཡོས་ལོའི་ལོ་སར་ཚེས་གཅིག་ཉིན། སྡེ་རོང་རྫོང་ཚེའུ་ཡུལ་ཤོག་རྒྱས་ཁྲོམ་གྲོང་སྡེའི་མི་སེར་ཚོས་སྔ་མོ་ནས་གྲོང་སྡེའི་བྱེད་སྒོ་ཁང་དུ་འཛོམས་ནས་གྲེ་འགྱུར་སྙན་མོའི་གཞས་དབྱངས་དང་། ལྡེམ་མྱུར་འཁྱུག་པོའི་ཞབས་བྲོ་ཡིས་གནམ་ལོ་གསར་དུ་ཚེས་པ་ལ་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

        ལ་གླུ་དང་སྐོར་བྲོ། ཁ་ཤགས་སོགས་རིག་རྩལ་གྱི་འཁྲབ་སྟོན་ཕུན་སུམ་ཚོགས་པོས་གནམ་ལོ་གསར་པའི་མདུན་བསུ་སྟེ། སྡེ་རོང་ཉི་མའི་ལུང་པའི་ས་གནས་རང་གི་ཐུན་མིན་གྱི་གོམས་སྲོལ་དང་རིག་རྩལ་གྱི་ཁྱད་ཆོས་མངོན་པར་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྣམ་པ་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་དང་། མང་ཚོགས་ཀྱི་བདེ་ཐང་དང་། ཤེས་དཔལ། བླ་ན་མེད་པའི་བསམ་པའི་རིག་གནས་ཀྱི་འཚོ་བཅུད་ཀྱང་མཚོན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཚེའུ་ཡུལ་ཤོག་གིས་རིག་རྩལ་བྱེད་སྒོ་ད་དུང་ཉིན་ཁ་ཤས་ལ་སྤེལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1