སྤྱི་ཟླ2པའི་ཚེས25ཉིན་གྱི་སྔ་དྲོར། དཔལ་ཡུལ་རྫོང་རོང་འགེབས་ཡུལ་ཤོག་ཀུ་ཀུག་གྲོང་སྡེ་རུ2023ལོའི་དུས་ཚིགས་དང་པོའི་ལས་གཞི་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་སྤེལ་བ་རེད།
གོམ་སྟབས་རྗེས་མར་དཔལ་ཡུལ་རྫོང་གིས་གཅིག་རྗེས་གཉིས་མཐུད་ངང་ལས་གཞི་འཚོལ་སྙེག་བྱས་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་གོང་འོག་ཚང་མར་སྐུལ་སློང་བྱས་ཏེ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། འཐབ་སེམས་འཕེལ་བ་དང་ངར་ཤུགས་འཕེལ་བར་བྱེད་པ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལ་གཞོལ་བ་དང་། ལས་གཞི་ལ་དམ་འཛིན་བྱེད་པ། འཛུགས་སྐྲུན་ལ་དམ་འཛིན་བྱེད་པ། རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་གཞིའི་མ་དངུལ་འཇོག་པར་གྲུབ་འབྲས་བཟང་པོ་འཐོབ་པ་བཅས་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མཛད་སྒོར་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་ལས་གཞི25ཡོད་ལ། དེ་དག་རྫོང་གྲོང་གི་ཆུ་མཁོ་འདོན་དང་དྲོད་རླངས་མཁོ་འདོན་དང་། གྲོང་གསེབ་ཀྱི་རྨང་གཞིའི་ལེགས་བཅོས། རང་བྱུང་གནོད་འཚེ་བཅོས་སྒྲིག། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་ཞིག་ལ་ཁྱབ་པ་དང་རགས་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར6.96གཏང་རྒྱུ་དང་། 2023ལོར་མ་དངུལ་སྒོར་དུང་ཕྱུར4.18གཏང་རྩིས་ཡོད་པ་རེད།