བྱེད་སྒོ་འཁྲུག་ཆ་དོད། ལོ་གསར་རྣམ་པ་ཟབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-28


འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡིག་གཟུགས་དང་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཚོས་མང་ཚོགས་ལ་བརྩམས་ཆོས་སྤྲོད་བཞིན་པ།

        2023ལོའི་དཔྱིད་གསར་དུས་ཆེན་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཡིག་གཟུགས་དང་མཛེས་རྩལ་མཁས་ཅན་གྱིས་སྨོན་འདུན་ཞུ་བའི་བྱེད་སྒོ་དེ་ཟླ་1ཚེས་4ཉིན་སྤེལ་འགོ་ཚུགས་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་ཡིག་གཟུགས་དང་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཚོས་རྫོང་དང་ཆུས་བདུན་དང་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པར་དཔྱིད་གསར་ཆ་ཡིག་སྐྱེལ་བའི་བྱེད་སྒོ་ཐེངས་32སྤེལ་བར་དཔྱིད་གསར་ཆ་ཡིག་དང་རི་མོ་སོགས་ཀྱི་བརྩམས་ཆོས་12895བསྐྱལ་བ་དང་མང་ཚོགས་མི་ཐེངས་9000ལྷག་ཙམ་ལ་ཞབས་འདེགས་ཞུས་ཏེ་ཉིང་ཁྲིའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

        མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་གསར་གྱི་དམངས་སྲོལ་ལ་མྱོང་རོལ་བྱ་ཆེད། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱིས་དུས་ཡུན་ཉིན་བཞིའི་2023ལོའི་བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་བྱེད་སྒོ་སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱས་ཤིང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས“ལོ་གསར་བཀྲ་ཤིས་བདེ་ལེགས”བརྗོད་དོན་གཙོ་བོར་བྱས་ནས། སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་སྨྱན་སྦྱོར་གསར་པའི་ལས་སྟེགས་སུ《བོད་ཀྱི་ལོ་གསར་གླེང་བ》——ལོ་གསར་གྱི་ཡུལ་སྲོལ་གོམས་གཤིས་རིག་གནས་སྐོར་གྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བརྙན་ཐུང་རབ་དང་རིམ་པ་བཏོན་པ་དང་ཆབས་ཅིག་དྲ་ཕྱིར་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

        2023ལོའི་བོད་ཆུ་ཡོས་ལོའི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ཟླ་2ཚེས་20ཉིན་གྱི་དགོང་མོ་ལྷ་སར་འཚོགས་ཤིང་། དེ་ནི་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དྭངས་གསལ་ཐད་གཏོང་མངོན་འགྱུར་བྱུང་བའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཐོག་མ་དེ་རེད།

འདི་ནི་2023ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་ཕྱོགས་བསྡུས་སྒྱུ་རྩལ་མཚན་ཚོགས་འཚོག་བཞིན་པ།

འདི་ནི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པ།

འདི་ནི་མཚན་ཚོགས་འཚོག་ཡུལ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1