མཛོད་དགེ་རྫོང་གིས་མགྱོགས་མྱུར་ངང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 03-07


        ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལས་དོན་གཙོ་བོར་བཟུང་ནས། སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་ཟུང་འབྲེལ་གྱིས“རི་ཆུའི་རྣམ་གྲངས”ལ་བརྟེན་ནས། རྨ་ཆུ་འགྲམ་རྒྱུད་ཀྱི་བསླད་སྐྱོན་ཐེབས་པའི་ས་ཆ་ལེགས་བཅོས་དང་ཚད་བརྒལ་ཕྱུགས་འཚོ་བཅོས་སྐྱོང་། “འགྱུར་གཉིས་གནོད་གསུམ”བཅོས་སྐྱོང་སོགས་ཀྱི་ལས་དོན་གཙོ་བོར་བཟུང་བ་དང་། བྱེད་ཐབས་ཞིབ་ཕྲ་བཏོན་ཞིང་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། གསར་སྐྲུན་ལས་དོན་ཕན་འབྲས་ཐོབ་པར་འགན་སྲུང་གང་ལེགས་བྱས།

        ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རིགས་སྒྲུབ་དང་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བར། མཛོད་དགེ་རྫོང་གིས་གསར་སྐྲུན་མགོ་ཁྲིད་ཚན་ཆུང་དང་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཤིང་། “ཞིབ་ཐོ་ལམ་ལུགས+འགན་ཁུར་ལམ་ལུགས+ཐག་གཅོད་ལམ་ལུགས”བཅས་ཀྱི་འགན་ཁུར་དོ་དམ་ལག་བསྟར་བྱས་པ་བརྒྱུད། མཐར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡི་བཀའ་ལན་ཐོབ་པ་དང་། མིག་སྔར་རྣམ་གྲངས་8ཀྱི་གསར་སྐྲུན་འགན་ཁུར་28གཞི་རྩའི་ཆ་ནས་ལེགས་འགྲུབ་ཟིན། བར་ཐག་མེད་པར་སྤྱི་ཚོགས་གནས་ཚུལ་དང་དམངས་ཀྱི་བསམ་འཆར་ལ་ཉན་ནས་སྤྱི་ཚོགས་བཅར་འདྲི་བརྟག་དཔྱད་ཁྲི་2.7ལེགས་འགྲུབ་ཟིན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་གླིང་སྲུང་སྐྱོང་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་དང་། གཞི་རྩའི་བརྟག་དཔྱད་དང་ཟུང་འབྲེལ་གྱིས་འཕེལ་རྒྱས་ཀྱི་ས་ཁོངས་བེད་སྤྱོད་སྤྱི་ལེ་གྲུ་བཞི་མ་48.7ལ་བརྟག་དཔྱད་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་གསར་འཛུགས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་5068གཏན་འཁེལ་བྱས། གཞན་ཡང་ནུས་པ་ལྡན་པར“རི་ཆུའི་རྣམ་གྲངས”དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྦྲེལ་མཐུད་ཀྱིས་ཆེས་མཛེས་པའི་མཐོ་སྒང་བརླན་སའི་རྒྱལ་ཁབ་ཀྱི་མིང་བྱང་བཏོད་པ་དང་། མ་དངུལ་སྒོར་དུང་ཕྱུར་6.9བཏང་ནས། རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་26ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་བྱས་པ་བརྒྱུད། རྒྱུན་མཐུད་ངང་སྤྱི་གླིང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང་། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་84.27%སླེབས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1