ཉེ་ཆར། 2023ལོའི་ཁང་པའི་ནང་གི་མཆོང་རྒྱུག་འཕེན་གསུམ་གྱི་གདན་ཞུའི་འགྲན་བསྡུར་དེ་ས་ཚིགས་གསུམ་པ་དང་བཞི་པ་ཁྲེང་ཏུའུ་གྲོང་ཁྱེར་ཤིས་ཕུའུ་མཆོང་རྒྱུག་འཕེན་གསུམ་རྟེན་གཞིར་གཉེར་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱང་རྒྱུག་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་ལ་ཨང་དང་པོ་གཉིས་ཐོབ་པ་རེད།
ཟླ་2ཚེས་24ཉིན་ནས་ཚེས་25ཉིན་བར། ས་ཚིགས་གསུམ་པའི་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་05ཡི་66གི་གྲུབ་འབྲས་ཐོག་ནས་སྨི་3000གི་མཐའ་བསྡུར་གྱི་ཨང་དང་པོ་བླངས་པ་རེད། ཟླ་2ཚེས་27ཉིན་ནས་ཟླ་3ཚེས་1ཉིན་བར་ས་ཚིགས་བཞི་པའི་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་གིས་སྐར་མ་8དང་སྐར་ཆ་02ཀྱི་གྲུབ་འབྲས་ཐོག་ནས་སྨི་3000གི་མཐའ་བསྡུར་ནང་སླར་ཡང་ཨང་དང་པོ་བླངས་པ་དང་། གྲུབ་འབྲས་འདི་ལོ་21རིང་རྒྱུན་འཁྱོངས་བྱས་པའི་རྒྱལ་ཡོངས་ཀྱི་ཟིན་ཐོ་དང་བསྡུར་ན་སྐར་ཆ་0.62ལས་འགོར་མེད་པས། རྣམ་གྲངས་དེའི་རྒྱལ་ཡོངས་ཀྱི་ལོ་རྒྱུས་གྲུབ་འབྲས་བཟང་ཤོས་ཨང་གཉིས་པ་ཡིན་པ་རེད།