འཕྱོངས་རྒྱས་རྫོང་གིས་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-07


འདི་ནི་གྲོང་མིས《ཞིང་འབྲོག་པའི་བཅའ་ཁྲིམས་ཤེས་བྱའི་ལག་དེབ》སློབ་སྦྱོང་བྱེད་བཞིན་པ།

 2022ལོར་འཕྱོངས་རྒྱས་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་འགྲན་སློང་སྣ་ཚོགས་ལ་གཞིགས་ནས་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་ཉན་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ“མཐའ་འཁྱོངས་བཅུ་གཅིག”ཤེས་རྟོགས་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་རྩ་བ་བརྟན་ཚུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།

 འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་མཉམ་ཤུགས་ཤིག་ཆགས་པར་བྱས་པ།

 འཕྱོངས་རྒྱས་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས“ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང”གི་དཔེ་སྟོན་རྫོང་དང་། “དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)”མུ་མཐུད་བསྐྲུན་རྒྱུ་གཙོ་རྐང་དུ་བྱས་པ་དང་། རྫོང་ཡོངས་ཀྱི“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་གཞིར་བཟུང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་བྱས་པ་བརྒྱུད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་སྒྲིག་འཛུགས་བྱས་ནས། གཙོ་གནད་ལས་དོན་ཁག་སྤྱི་འདོམས་ངང་མཐུན་སྦྱོར་དང་སྒྲུབ་པར་བྱས་ཏེ་ཁྲིམས་སྐྱོང་ལས་དོན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ཏང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་འགོ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

 2022ལོ་ནས་བཟུང་། འཕྱོངས་རྒྱས་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་35.7བཏང་ནས《དམངས་དོན་ཁྲིམས་གཞུང》གི་འགུལ་རིས་བརྙན་ཐུང་སྒྲིག་བཟོ་བྱས་པ་དང་། མ་དངུལ་སྒོར་ཁྲི་3.7ཙམ་བཏང་ནས་རྫོང་ཁོངས་ལམ་རྒྱུད་ཀྱི་བརྡ་ཁྱབ་བྱང་བུ་ཆེ་གྲས་བརྗེ་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དྲིལ་བསྒྲགས་ས་ཚིགས་བསྐྲུན་པ། མ་དངུལ་སྒོར་ཁྲི་4བཏང་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཡིག་རིགས་ཡོད་པའི་དངོས་པོ་སྣ་ཚོགས་བཟོས་པ། རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ཁྲིམས་ལྟར་རིམས་འགོག་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་300སྤེལ་བ་དང་གློག་རྡུལ་བརྙན་ཤེལ་ཐོག་ནས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བརྙན་ཐུང་དང་སྦྱར་ཡིག་སོགས་ཁྱོན་ཆུ་ཚོད་400ལྷག་ཙམ་བསྟན་པ་རེད།

 སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་ཁྲིམས་ལྟར་རྫོང་སྐྱོང་བའི“ལེའུ་གསར་པ”མུ་མཐུད་བརྩམས་པ།

 འཕྱོངས་རྒྱས་རྫོང་གི་སྡེ་ཚན་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་པའི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དོ་དམ་ལ་ཤུཌ་སྣོན་རྒྱག་པ་སོཌ་ཀྱི་སྒྱུར་བཅོས་བྱེད་ཐབས་བརྒྱུད་སྲིད་གཞུང་གིས་ཁྲིམས་ལྟར་འགན་ནུས་བསྒྲུབ་པར་སྐུལ་འདེད་བཏང་ཡོད།

 མིག་སྔའི་བར། འཕྱོངས་རྒྱས་རྫོང་གིས་གན་རྒྱའི་གྲོས་མཐུན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྣ་ཚོགས་23ཞིབ་བཤེར་བྱས་པ་དང་བློ་འདྲི་ཐེངས་15བྱས་པ་རེད། བོད་སྐྱོར་ཁྲིམས་རོགས་སྐྱོབ་ལས་བྱེད་པས་གན་རྒྱའི་གྲོས་མཐུན་དང་ཡིག་ཆ་སྣ་ཚོགས་25ཞིབ་བཤེར་བྱས་པ་དང་། རྫོང་སྲིད་གཞུང་དང་དེའི་འགན་ནུས་སྡེ་ཚན་གྱི་ཁྲིམས་ལུགས་དང་འབྲེལ་བའི་ཆེད་དོན་ཚོགས་འདུ་སྣ་ཚོགས་ཐེངས་20ལ་ཞུགས་པ། རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་དམངས་ཕན་ཞབས་ཞུའི་སྐར་ཁུང་22བཙུགས་ནས་སྡེ་ཚན་12དང་སྲིད་དོན་ཞབས་ཞུའི་རྣམ་གྲངས་73ནང་ཞུགས་ཡོད། རྫོང་ཡོངས་ཀྱི་དོན་གནད་720དྲ་ཐོག་ནས་གཉེར་ཆོག་པ་དང་། དྲ་ཐོག་ནས་གཉེར་ཆོག་ཚད་93.25%ཟིན་པ། སྲིད་དོན་ཞབས་ཞུའི་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་བཏང་བའི་བསྡུར་གྲངས་50.77%ཟིན་པ། གློག་རྡུལ་འཁྲོལ་འཛིན་དང་ལག་ཁྱེར་སྤྲོད་ཚད་2522ཟིན་པ། ཁྲིམས་ཚན་598ཐོ་འགོད་བྱས་པ་དང་མི་སྒེར་4904ཐོ་འགོད་བྱས་པ། དམིགས་ཚད་ལྔ་པོ་ཚང་མ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་50%ཡན་གྱི་བླང་བྱའི་ཚད་ལོན་པ། རང་སྐྱོང་ལྗོངས་ཀྱི་བཟང་ངན་གདེང་འཇོག་མ་ལག་གི་སྐར་ལྔའི་གདེང་འཇོག་བཟང་པོ་ཐེངས་6431ཐོབ་པ་དང་ལོ་ཧྲིལ་པོར་ཞུ་གཏུག་རྒྱག་མཁན་བྱུང་མེད། རྫོང་ཡོངས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན་174གསེད་བཀྲོལ་བྱས་པ་དང་། སྲིད་དོན་ཞབས་ཞུ་བྱེད་མང་བའི་ལས་དོན་100གསེད་བཀྲོལ་བྱས་པ། གྲོང་ཚོའི(སྡེ་ཁུལ)ཞབས་ཞུའི་དོན་ཚན་60ཁྱབ་བསྒྲགས་བྱས་ཡོད། རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ལས་དོན་9399བདག་སྤྲོད་བྱས་པ་དང་ལས་དོན་9399ཐག་གཅོད་བྱས་ནས་ཐག་གཅོད་བྱས་ཚད་100%ཟིན་ཡོད།

 དམངས་ལ་བློ་ཁ་ཕྱོགས་ནས་ཁྲིམས་སྐྱོང་སྲིད་གཞུང་གིས“སྣ་འདུས་ཐབས་བཟང”བཏོན་པ།

 འཕྱོངས་རྒྱས་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་པ་དེས་མི་དམངས་ཀྱི་བསམ་འདུན་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད། རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁྲིམས་ལྟར་གཟབ་ནན་དང་དུས་ཐོག་ཏུ་ལེགས་སྒྲིག་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་ཁྲིམས་ལྟར་ཕྱོགས་ཡོངས་ནས་སྐུལ་འདེད་བཅས་བྱས་ཏེ། རྒྱུན་རྣམ་ཅན་གྱིས་ནག་སེལ་གཤེད་བཅོམ་དང་རྒན་གསོའི་དངུལ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་ཁྲིམས་ལྟར་གཏིང་ཟབ་སྤེལ་བ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དྲ་མིག་དོ་དམ་སོགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གཏིང་ཟབ་སྤེལ་བ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ཀྱི་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། གད་སྙིགས་རིགས་དབྱེའི“ལྗང་མདོག་དངུལ་ཁང”གི་རིན་ཡོད་ཚུར་བསྡུའི་རྣམ་པ་གཏོད་པ། “མཛེས་སྡུག་ལྡན་པའི་སྒོ་རའི”དཔེ་སྟོན་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས། དམངས་འཚོ་སེམས་ལ་འཆང་བ་དང་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ནམ་ཡང་ལྷོད་གཡེང་མི་འགྲོ་བའི་རྣམ་པ་མངོན་པར་བྱས་ཡོད།

 མིག་སྔའི་བར། འཕྱོངས་རྒྱས་རྫོང་གིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་མང་དག་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་ཁ་གསབ་བྱེད་ཐབས་8ཞིབ་ཕྲ་བཟོས་ཡོད། 2022ལོར། འཕྱོངས་རྒྱས་རྫོང་འདི་ཉིད་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་མིང་ཐོ་ཁག་དང་པོའི་ནང་བདམས་པ་དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཁག་དང་པོར་བདམས་པ། ཁག་བཅུ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་ལ་རྒྱལ་ཁབ་ཀྱི་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་ཁག་དྲུག་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བཏོད་པ། རྫོང་ཡོངས་སུ་རྒྱུན་མཐུད་ཞི་མཐུན་བརྟན་བརླིང་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1