ཉེ་བའི་ལོ་ཤས་རིང་། སྡེ་རོང་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ནན་ཏན་གྱིས་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བྱས་ཤིང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་གནས་ཐིག་གཏན་འཁེལ་ལ་དམིགས་ནས་བློ་གཏན་འགྱུར་མེད་ཀྱིས་“མཉམ་དུ་སྲུང་སྐྱོབ་དམ་འཛིན་དང་གསར་སྤེལ་ཆེན་མོ་མི་བྱེད་”པའི་བྱེད་ཕྱོགས་དོན་འཁྱོལ་བྱས་པར་མ་ཟད། སྐྱེ་ཁམས་གཙོར་འཛིན་དང་འབྱུང་འཕྲོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྟོད་རྒྱུད་ཀྱི་འདུ་ཤེས་ལ་ཤུགས་སྣོན་དང་འགན་རང་ཁུར་གྱིས་འབྲུ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་བཏང་།