ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་3ཚེས་22ཉིན་གྱི་ཆུ་ཚོད་0དང་སྐར་མ་47ཐོག་ཨ་ཧྥུ་ཀ་ནི་སི་ཐན་དུ་ས་ཡོམ་རིམ་པ་6.9བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་230ཡིན་ཞིང་། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ་36.50དང་། ཤར་གྱི་འཕྲེད་ཐིག་ཏུའུ་70.80ཡིན་པ། རང་རྒྱལ་གྱི་མཐའ་མཚམས་ལམ་ཐིག་དང་བར་ཐག་ཉེ་ཤོས་སྤྱི་ལེ་343ཙམ་ཡོད་པ་རེད།
ཡོམ་ལྟེ་སྤྱི་ལེ་300ཡི་ཁྱབ་ཁོངས་སུ་གྲོང་ཁྱེར་ཆེ་འབྲིང་9ཡོད་པ་དང་། ཐག་ཉེ་ཤོས་ནི་ཧོ་ལུའོ་ཀེ་(Khorog)ཡིན་ཞིང་། ཡོམ་ལྟེ་དང་བར་ཐག་སྤྱི་ལེ་129ཙམ་ཡོད། ཡོམ་ལྟེའི་སྤྱི་ལེ་5ཡི་ཁྱབ་ཁོངས་ནང་ཆ་སྙོམས་མཚོ་ངོས་ལས་སྨི་2295ཡིན་པ་རེད།