ཀོང་པོའི་བི་ཤུ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-31


        “བི་ཤུ་”ནི་བོད་ལྗོངས་ཉིང་ཁྲིའི་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་རྣམ་གྲངས་དམིགས་བསལ་ཞིག་རེད། ད་བར་ལོ་ངོ་1500ལྷག་གི་ལོ་རྒྱུས་ལྡན་ཞིང་། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ཁག་གཉིས་པར་བཀོད་ཡོད་པ་རེད། “བི་ཤུ་”ནི་མདའ་འཕེན་རྩལ་འགྲན་པ་དང་འདྲ་པོ་ཡོད། “བི་ཤུའི་”རྩེ་མོར་མིག་ཁུང་ལྡན་པའི་ཤིང་རིལ་སྦུབས་ཅན་བསྒར་བས། མདའ་འཕེན་དུས་མིག་ཁུང་ནང་མཁའ་དབུགས་ཚུད་དེ་ཤུ་སྒྲ་ཐོན་པས་མིང་ཡང་དེ་ལྟར་ཐོགས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1