མཛོད་དགེ་རྫོང་རྒྱ་ཉིན་གྲོང་ཚོའི་ཞིང་བ་རྣམས་ལྕུམ་རྩྭ་བསྡུ་བའི་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-03


        མཛོད་དགེ་རྫོང་འ་སྐྱིད་གྲོང་རྡལ་རྒྱ་ཉིན་གྲོང་ཚོའི་སྡེ་མི་རྣམས་ཀྱིས་སྨིན་ཟིན་པའི་ལྕུམ་རྩྭ་བརྐོས་ནས་གོ་རིམ་ལྡན་པར་སྐྱེལ་འདྲེན་དང་ལེགས་སྒྲིག་བྱེད་བཞིན་འདུག །ད་ལོར་རྒྱ་ཉིན་གྲོང་ཚོས་2018ལོར་མུའུ་200ལྷག་ལ་འདེབས་འཛུགས་བྱས་པའི་ལྕུམ་རྩྭ་བསྡུ་བའི་དུས་ལ་ཐོན་ཞིང་། སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཐང་སྒོར་8000ཡོད་པ་རེད།

    

        ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་རང་ས་གནས་ཀྱི་རང་བྱུང་ཆ་རྐྱེན་དང་སྐྱེ་ཁམས་ཀྱི་དགེ་མཚན་བེད་སྤྱོད་བྱས་ཤིང་། “ཀྲི་པུའུ+མཉམ་ལས་ཁང+ཀུང་སི+ཞིང་བ”བཅས་ཀྱི་ཐོན་སྐྱེན་རྣམ་པ་བརྒྱུད་ཅིང་། ཚད་ལྡན་གྱི་ཐོན་སྐྱེད་དང་ཞིབ་ཚགས་ཀྱི་ལས་སྣོན། ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་བརྟེན་ནས་འ་སྐྱིད་གྲོང་རྡལ་གྱི་ལྕུམ་རྩྭ་འདེབས་འཛུགས་ལ་སྐུལ་འདེད་བཏང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1