ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-03



        ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 《འགོ་ཁྲིད་ལས་ བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་གཏན་འབེབས》ལ་གྲོས་ཞིབ་བྱས་པ།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་4པ་ནས་བཟུང་ཏང་ཡོངས་ཀྱི་གོང་ནས་འོག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་ལ་བགོས་ནས་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། ཚོགས་འདུའི་ཐོག《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་གཏན་འབེབས》ལ་གྲོས་ཞིབ་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལྟར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པ་དང་། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་ལྟེ་བའི་ལས་འགན་ལེགས་གྲུབ་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་སློང་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ངང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སེམས་པ་གཅིག་མཐུན་ཡོང་བ་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བཅས་བྱས་ཏེ་ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་དང་དུས་རབས་གསར་པར་བྱས་རྗེས་འཇོག་ཆེད། འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

        ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་སྤྱིའི་བླང་བྱ་ནི“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ཟབ་གཏོང་། ལག་ལེན་ལ་སྣང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཡིན་པ་དང་། རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར་སྤྲོས་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ལ་སྒྱུར་བ་བྱས་ནས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་བརྟན་པོ། བྱ་སྤྱོད་མཐུན་སྦྱོར། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་ཐུབ་པ་དང་བསླབ་ནས་བློ་སྦྱོང་བྱེད་པ་དང་། བསླབ་ནས་བློ་གྲོས་འཕེལ་བ། བསླབ་ནས་སྤྱོད་ཚུལ་ལེགས་གཏོང་། བསླབ་ནས་ལས་སྒྲུབ་ལ་སྐུལ་སྤེལ་བཅས་ཀྱི་ཐད་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་འབད་བརྩོན་བྱ་རྒྱུ་དེ་རེད། མཐར་བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་སྦྱོང་བརྡར་ལ་བརྟེན་ནས་ལྷག་བསམ་རྣམ་དག་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་དོན་གཉེར་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་དམིགས་ཚད་ལོན་པར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཆབ་སྲིད་ཀྱི་བྱང་ཚད། འཇོན་ཐང་དང་ནུས་པ། རང་འགན་ཐེག་པ་འཁུར་ལེན། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་བཅས་ཕྱོགས་དྲུག་ཐད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། བརྗོད་དོན་གཙོ་བོར་དུས་མཚམས་དང་ལྷུ་ཚིགས་མི་འབྱེད་པར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། འཚོལ་བཤེར་དག་ཐེར་བཅས་གཅིག་ཏུ་འབྲེལ་ནས་མཉམ་འདྲེས་དམ་ཟབ་དང་མཉམ་དུ་སྐུལ་འདེད་གཏོང་དགོས།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བཅས་བྱས་ནས་མཐར་མང་ཚོགས་བློ་ཡིད་ཚིམ་མིན་དེ་གཞི་རྩའི་ཤན་འབྱེད་ཀྱི་ཚད་གཞིར་བཟུང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ“ཐ་དད་དུ་འགྱུར་རིགས”མི་ཐོན་པ་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་སྐྲུན་དགོས། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་དང་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བའི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱུན་རྣམ་དང་ཕུགས་ཕན་ཡོང་བའི་འགན་ལེན་བྱེད་དགོས།

        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་ཇུས་ནང་བཅུག་ནས། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ་དང་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ་ཏང་ལ་དོ་དམ་དང་དཔོན་རིགས་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། 《འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་གཏན་འབེབས》བཟོ་བཅོས་བརྒྱབ་པ་དེས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་ནི་དགོངས་སྐོར་སྙན་སེང་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་རྩ་འཛུགས་ལ་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་རྒྱུ་ནི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཤིག་རེད། འགོ་ཁྲིད་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་ཕྱི་གསལ་ནང་གསལ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་ཚུལ་བཞིན་སྒྲུབ་པ། མི་ཡ་རབས་ཚུལ་ལྡན་བྱེད་པ། མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་བ། རྩ་འཛུགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བཅས་བྱེད་དགོས། མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་ལག་བསྟར་དང་། དཔེ་བཟང་ངང་བརྩི་སྲུང་། གོང་གིས་འོག་ལ་སྣེ་ཁྲིད་བཅས་བྱེད་དགོས།

        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་དགོངས་གཞི་ནན་པོ་དང་། བྱ་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཀྱི་ཐོག་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། སྙན་སེང་ཞུ་བའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཟུར་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། སྙན་སེང་ཞུ་བའི་ལམ་ལུགས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་སྙན་སེང་ཞུ་བའི་ལམ་ལུགས་ཀྱིས་ནུས་པ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1