ཉེ་ལམ། ལི་ཐང་རྫོང་གིས་2023ལོའི་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ཞིང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྡོང་འཛུགས་བྱེད་སྒོར་ཞུགས་ནས་སྡོང་ཕྲུག་ཁྲི་གསུམ་ལྷག་བཙུགས།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱིས་གཞི་རྒྱ་ཆེན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་འགྱུར་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ནུས་པ་གལ་ཆེན་འདོན་ཆེད། འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་ནས་སྡོང་ཕྲུག་ཁྲི་3ལྷག་བཙུགས་པ་རེད།