ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་དང་ཁེ་གཉེར་རང་བཞིན་མིན་པའི་རྩ་འཛུགས་ཀྱིས་མཉམ་དུ་བཏོན་པའི“ཇོ་རི་གསའ་སྲུང་སྐྱོབ་འཆར་གཞི”དེར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། རང་བྱུང་སྲུང་སྐྱོང་ཁུལ་ནང་གི་གསའ་ཡི་ཁྱུ་ཚོགས་114ཙམ་ཟིན་རྒྱུ་ཚོད་དཔག་རགས་ཙམ་བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། “ཇོ་རིའི་གསའ་སྲུང་སྐྱོབ་འཆར་གཞིའི”ནང་ས་ཁོངས་ནང་གི་གསའ་ཡི་འཚོ་གནས་ཁུལ་ལ་ལྟ་ཞིབ་ཚད་ལེན་དང་། ཁྱུ་ཚོགས་ལ་བརྟག་དཔྱད་བྱས་ནས་སྐྱེ་དངོས་ཞིབ་འཇུག་དང་། སྡེ་ཁུལ་འཕེལ་རྒྱས། སྲུང་སྐྱོབ་དོ་དམ། རང་བྱུང་བརྙན་ཕབ་སོགས་ཁྱབ་ཁོངས་མང་པོ་དང་མཉམ་དུ་ཇོ་རིའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ཐབས་ལམ་དང་། ཉམས་མྱོང་འཚོལ་ཞིབ་བྱས་པས་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3000ཟིན་ཡོད་པ་རེད།