ཉེ་ལམ་ཁྲུང་ཁྲུང་མགོ་ཁྲ་བཅུ་གསེར་རྟའི་སྙི་ན་གཞུང་དུ་བག་ཕེབས་ངང་རྒྱུ་བཞིན་ཡོད་པ་དང་། ཁྲུང་ཁྲུང་དག་གིས་སྐབས་འགར་མཚེའུའི་ནང་ཆུ་རྩལ་ངོམ་པ་དང་སྐབས་འགར་ཆུ་འགྲམ་དུ་སྒུམ་འཐུ་བཞིན་འདུག །གསེར་རྟ་རྫོང་སྙིའི་ན་གཞུང་ནི་2023ལོའི་ཟླ་2པར་《རྒྱལ་སྤྱིའི་ན་གཞུང་གལ་ཆེན་གྱི་མིང་ཐོ》རུ་ཚུད་དེ། རང་ཞིང་གི་མཛོད་དགེ་དང་། ཁྲང་ཧྲའི་གུང་མ་ན་གཞུང་གི་རྗེས་རྗེས་སུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་ན་གཞུང་གལ་ཆེན་ཨང་གསུམ་པར་གྱུར་པ་རེད།