ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་དགོང་མོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ནས། སུའུ་ཏན་དུ་ཉེ་དུས་བརྟན་ལྷིང་མེད་པའི་གནས་བབ་ཀྱི་རྐྱེན་པས། ཁར་ཐུའུ་མུའུ་དང་ཤུགས་རྐྱེན་ཕོག་པའི་གྲོང་ཁྱེར་གཞན་དག་ཁྲོད་དུ། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ལ་འགྲན་སློང་དང་དཀའ་ངལ་འཕྲད་ཡོད་པ་དང་། ཉེ་དུས་གདོང་ཐུག་ཆེ་རུ་མ་ཕྱིན་གོང་ལ ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་དེ་གའི་འཕྲོད་བསྟེན་སྒྲིག་གཞིར་སྨན་བཅོས་དངོས་ཟོག་སྤྲད་རིགས་ད་ལྟ་སྤྱད་ཟིན་པས། སྨན་བཅོས་མཁོ་ཆས་རིགས་མང་པོ་ཧ་ཅང་དཀོན་པོ་ཡོད་ལུགས་བཤད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་གདོང་ཐུག་བྱུང་བའི་ཕྱོགས་ཁག་གཉིས་པོས་སྨན་བཅོས་མི་ཆོས་རིང་ལུགས་ཀྱི་བར་གནས་ངང་ཚུལ་ལ་བརྩི་འཇོག་བྱས་ནས། སུའུ་ཏན་གྱི་སྨན་བཅོས་ལས་དོན་པར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་པར་མ་ཟད། ནད་པར་ཚོད་འཛིན་མེད་པའི་སྒོ་ནས་སྨན་བཅོས་ཞབས་ཞུ་ཐོབ་པའི་འགན་ལེན་ཡང་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།