མཛོད་དགེ་རྫོང་གིས་ངས་མ་ཡུམ་ཆུ་བོའི་སྙན་ངག་རྩོམ་ཞིང་ངས་མ་ཡུམ་ཆུ་བོར་སྡོང་བོ་འཛུགས་པ་དང་མ་ཡུམ་ཆུ་བོ་ལ་དགའ་ཞིང་ཕ་ཡུལ་ལ་དགའ་ཞེས་པའི་གྱེར་ཀློག་བྱེད་སྒོ་སྤེལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28



        རྔ་བ་ཁུལ་གྱི་ས་གནས་རང་གི་རྩོམ་པ་པོ་དང་སྙན་ངག་པ།  རིག་རྩལ་ཕྱོགས་ཀྱི་མི་སྣ་བཅས་རྨ་ཆུའི་སྔོ་སྲུང་སྤྱི་ཕན་བྱེད་སྒོར་ཞུགས་པར་གྲོས་འདོན་གནང་ཆེད།  ཟླ4པའི་ཚེས26ནས27ཉིན་གྱི་བར། རང་རེའི་རྫོང་གིས་ཐང་སྐོར་གྲོང་རྡལ་དུ་ངས་མ་ཡུམ་ཆུ་བོའི་སྙན་ངག་རྩོམ་ཞིང་ངས་མ་ཡུམ་ཆུ་བོར་སྡོང་བོ་འཛུགས་པའི་སྔོ་སྲུང་སྤྱི་ཕན་བྱེད་སྒོ་དང་མ་ཡུམ་ཆུ་བོ་ལ་དགའ་ཞིང་ཕ་ཡུལ་ལ་དགའ་ཞེས་པའི་གྱེར་ཀློག་བྱེད་སྒོ་སྤེལ་ཏེ།  རྩོམ་རིག་སྒྱུ་རྩལ་གྱི་ལམ་ནས་མ་ཡུམ་ཆུ་བོ་གཏན་དུ་བཞུར་བར་སྲུང་སྐྱེལ་གནང་།

        རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་དང་། རྫོང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧྲང་ཀོང་ལི་བྱེད་སྒོར་ཞུགས།  མགོ་རྩོམ་མཛད་སྒོར་རྫོང་ཨུའི་རྒྱུན་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧྲང་ཀོང་ལི་ཡིས་ཤིས་ཚིག་ཕུལ།  ཁོང་གིས་ཁུལ་ཡོངས་དང་རྫོང་ཡོངས་ཀྱི་སྙན་ངག་པ་དང་རྩོམ་པ་པོ།  ཕུལ་བྱུང་གི་རིག་གནས་ལས་སྒྲུབ་མཁན་བཅས་ཀྱིས་མུ་མཐུད་དུ་བྱེད་སྒོར་བརྟེན་ཏེ།  རྒྱུན་མི་ཆད་པར་དྲོད་ཁོལ་འཛོམས་པའི་རྩོམ་རིག་བརྩམས་ཆོས་བརྩམས་ནས།  རྩོམ་རིག་གི་ལམ་ནས་རྨ་ཆུ་གླེང་ཞིང་སྨྱུ་རྩེས་ཕ་ཡུལ་ལ་བསྟོད་གླུ་ཕུལ་ཏེ།  ནུས་ཤུགས་ཡོད་རྒུས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་རིག་གནས་འཛུགས་སྐྱོང་སྤུས་ལེགས་ངང་འཕེལ་བའི་རྣམ་པ་གང་ལེགས་བསྐྲུན་དགོས་པར་རེ་བ་བཏོན།  བྱེད་སྒོ་ནི་ངོ་མཚར་ཆེ་བའི་ཞབས་བྲོ་འཁྲབ་སྟོན་ལམ་ནས་མགོ་བརྩམས་ཤིང་།  ཡུལ་དངོས་ཀྱི་སྙན་ངག་པ་དང་རྩོམ་པ་པོ།  ཕུལ་བྱུང་གི་རིག་གནས་ལས་སྒྲུབ་མཁན་བཅས་ཀྱིས་རྨ་ཆུར་སྙན་ངག་རྩོམ་པ་དང་།  གསར་རྩོམ་གྱི་སྙན་ངག་གྱེར་འདོན་དང་གླུ་གར་འཁྲབ་སྟོན་བཅས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།  མ་ཡུམ་ཆུ་བོར་གསོན་ཤུགས་གསར་བ་བསྩལ་བས།  ཡུལ་དངོས་སུ་རྩོམ་རིག་གི་ཡོ་ལང་རབ་ཏུ་རྒྱས།

        དེ་ནས་ཁུལ་དང་རྫོང་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་སྙན་ངག་པ་དང་།  རྩོམ་པ་པོ།  རིག་རྩལ་ཕྱོགས་ཀྱི་མི་སྣ།  ཕུལ་བྱུང་གི་རིག་གནས་ལས་སྒྲུབ་མཁན་བཅས་བྱམས་མེ་གྲོང་རྡལ་རྒོད་ཚང་སྡེ་བར་བསྐྱོད་དེ་སྡོང་འཛུགས་བྱེད་སྒོ་སྤེལ་ཏེ།  རྨ་ཆུའི་ཆེད་དུ་སྡོང་འཛུགས་དང་མཚན་འདོགས་བྱས་པ་བརྒྱུད།  རྨ་ཆུའི་འགྲམ་རྒྱུད་དུ་རིག་གནས་ནགས་ཚལ་དང་རྩོམ་རིག་སྐྱེད་ཚལ། རྩོམ་རིག་སྒྱུ་རྩལ་ཁུལ་བཅས་བསྐྲུན་ནས།  སི་ཁྲོན་རྨ་ཆུའི་རིག་གནས་མཚན་བྱང་བཏོད་དེ།  རྔ་བའི་རྩོམ་རིག་གར་སྟེགས་ཀྱི་ཚབ་མཚོན་ལྡན་པའི་རྩོམ་རིག་གི་གཟབ་རྒྱས་རྣམ་པ་དང་རྩོམ་རིག་སྒྱུ་རྩལ་གྱི་ལེ་ཚན་གསར་བ་བསྐྲུན།

        རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་པ་སངས་ཀྱིས་བཤད་རྒྱུར།  ང་ཚོས་དེ་རིང་རྨ་ཆུའི་འགྲམ་དུ་སྡོང་བོ་བཙུགས་ཏེ། རྔ་བ་ཁུལ་གྱི་རྨ་ཆུའི་རིག་གནས་ནགས་ཚལ་བསྐྲུན། ང་ཚོས་ལོ་རེ་བཞིན་རྒྱལ་ཡོངས་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ་གདན་དྲངས་ཏེ། གནས་འདིར་སྡོང་བོ་བཙུགས་ནས་མ་ཡུམ་ཆུ་བོ་སྲུང་སྐྱོང་སྒོས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྔོ་སྲུང་འཛུགས་སྐྱོང་ཐད་ང་ཚོ་རང་ཉིད་ཀྱི་ནུས་ཤུགས་འབུལ་བའི་བསམ་པ་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1