གཅིག་སྡུད་བསྙེན་བཀུར་ལས་ཚེ་མཇུག་བདེ་ལ་རོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-09


        ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རྒན་གསོའི་བྱ་གཞག་བརྟན་པོའི་ངང་ནས་འཕེལ་རྒྱས་ཕྱིན་ནས། རྒན་གསོའི་ཞབས་ཞུའི་མ་ལག་དང་ནུས་པ་འཛུགས་སྐྱོང་རྒྱུན་མཐུད་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80བཙུགས་པ་དང་རྫོང་ཚང་མར་ཚད་གཞི་མཐོ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་བཙུགས་ཏེ། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་སྐྱོན་རྒན་རྒོན། མ་མཐའི་འཚོ་རྟེན་འགན་ལེན་རྒན་རྒོན། གཙོ་གནད་གཟིགས་སྐྱོང་བྱ་ཡུལ་རྒན་རྒོན་སོགས་ཀྱི་རྒན་རྒོན་རྣམས་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་ཤིང་། འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱིས་ལས་དོན་མི་སྣའི་མཛུབ་ཁྲིད་འོག་ལུས་སྦྱོང་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1