ཁ་བ་ལྷ་མོ། མཚོ་ནུབ།
གནམ་མཐའི་སྐར་ཚོམ
སྐར་ཆུང་གི་འཛུམ་ཆུང“སྐར་མས”བརྐུས
མགོ་ཐོག་གི་བུམ་པ
བུམ་པའི་ནང་གི་བདུད་རྩི་རྐེད་ལ་བབས
ཤོག་བུ་དཀར་པོར་ཚོན་རྩི་སྣ་ཚོགས་འགོས
ས་སུ་ག་བ་མིད་ཐག་གི་ཡན་ན་ནམ་མཁའ་སྟོང་བར་འཕུར
རྟ་ཕོ་རྒྱུག་ཆེན་སྐོར་ཞིག་ཉེ་ལམ་བསྐོར་ཞིང་མགྱོགས་དར་ལེན
གཉིད་མེད་པའམ་སད་ཡོད་པའི་རི་ཆུ་མཐའ་དག་ཀྱང
སྨྲ་བ་མེད་པའི་བརྟུལ་ཞུགས་འཛིན
ཕ་ཡུལ
ཕ་ཡུལ་གངས་ཀྱི་ར་བ
2023.02.18