གངས་ཤུད་ལ་མཁས་པའི་གཡུ་སྒྲོན་ལྷ་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-12


འདི་ནི་ཤིན་ཅང་ཕུའུ་དབུན་རྫོང་ཁོ་ཁོ་ཐོ་མཚོའི་རྒྱལ་སྤྱིའི་གངས་ཤུད་སྤྲོ་གསེང་ཁུལ་དུ་གཡུ་སྒྲོན་ལྷ་མོ་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་ཨང་དང་པོའི་འགྲན་བསྡུར་གྱི་བར་ཐག་ཐུང་བའི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་སྐབས་དང་པོར་ཞུགས་པ།

        གཡུ་སྒྲོན་ལྷ་མོའི་ཕ་ཡུལ་ས་བབ་མཐོ་ཚད་སྨི་3600ཙམ་ཡོད་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་གནས་ཤིང་། ཉིན་བཞིན་ཡར་རྒྱས་ཡོང་ཆེད་རྩལ་ཁྲིད་པས་རེ་བ་མི་བཏོན་ཡང་རང་འགུལ་ངང་སྦྱོང་བརྡར་བྱེད་མཚམས་མི་འཇོག་པ་དང་གཟུགས་པོར་རྨ་ཡོད་ཀྱང་ན་ཟུག་བཟོད་བཞིན་སྦྱོང་བརྡར་བྱེད་ཀྱི་ཡོད། “ཕམ་ཁ་མི་འཁེལ་བ་ནི་ངའི་གཤིས་ཀ་ཡིན། གལ་ཏེ་གཞན་གྱི་མཇུག་ཏུ་ལུས་ན་ང་ལྟོ་ཡང་ཟ་མི་ཐུབ”ཅེས་གཡུ་སྒྲོན་ལྷ་མོས་བརྗོད།

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་དུ་གཡུ་སྒྲོན་ལྷ་མོས་ཕ་ལ་རང་ཉིད་ཀྱིས་བཟོས་པའི་ཞོག་ཁོག་མོག་མོག་བསྟན་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1