དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སླེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-18


        ཟླ་5པ་སླེབས་ཚུན། མཚོ་བོད་ས་མཐོའི་དབུས་རྒྱུད་དུ་སླར་ཡང་ལོ་གཅིག་དུས་གཅིག་གི“དབྱར་རྩྭ་དགུན་འབུ་བརྐོ་བའི”དུས་ཚིགས་སླེབས་ཡོད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཕྱི་རུག་ཞང་སྟོད་ཤོག་གྲོང་ཚོར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་གྱི་རྒན་གཞོན་དར་གསུམ་ཁྲིད་ནས། རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4880ཡོད་པའི་མཐོ་སྒང་དུ་རྒྱུན་སྡོད་བྱས་ནས། ཉིན་45རིང་གི་དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་རེད། རྫ་སྟོད་རྫོང་དུ་དབྱར་རྩྭ་དགུན་འབུ་མང་ཞིང་། སྟོད་ཤོག་གྲོང་ཚོ་ནི་རྫ་སྟོད་རྫོང་ཁོངས་ཀྱི་དབྱར་རྩྭ་དགུན་འབུའི་སྤུས་ཀ་ལེགས་ཤོས་དང་། མང་ཤོས་ཀྱི་ས་ཁུལ་ཅིག་རེད། ལོ་རེར་མི་ཁྲི་ལྷག་དེར་ཡོང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་ཡོད། དབྱར་རྩྭ་དགུན་འབུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོའང་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1