རྔ་བ་ཁུལ་གྱི་འགོ་ཁྲིད་འདི་ཏང་གི་སྐྱིད་སྡུག་དང་ལས་གནས་ནས་ཕུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-18


        ཉིན་ཤས་གོང་། རྔ་བ་ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་རྔ་བ་ཁུལ་ཆུ་དོན་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ཅུས་ཀྲང་གཞོན་པ་ཀུའུ་ཡུན་ཝེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་དང་ཞིབ་བཤེར་བྱས་པ་རེད།

        བརྟག་དཔྱད་བྱས་པ་བརྒྱུད། ཀུའུ་ཡུན་ཝེ་ཡི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་སྐྱེས་དངུལ་བླངས་པ། ལས་གནས་ཐོག་གི་སྟབས་བདེ་དང་འགན་དབང་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། ལས་གཞི་སྒྲུབ་འགན་ལེན་པ་དང་ཨར་ལས་མཐུན་སྦྱོར་སོགས་བྱེད་པའི་ཐད་མི་གཞན་ལ་ཁེ་ཕན་བསྒྲུབས་པ་མ་ཟད་རྒྱུ་ནོར་འབོར་ཆེན་བླངས་ཡོད།

        ཀུའུ་ཡུན་ཝེ་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས། ལས་གནས་ཀྱི་ཁྲིམས་འགལ་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དང་།《ལྟ་ཞིབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》《གཞུང་ལས་མི་སྣར་སྲིད་དོན་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྔ་བ་ཁུལ་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཁུལ་ཨུ་ལ་ཆོག་མཆན་ཞུས་རྗེས། ཀུའུ་ཡུན་ཝེ་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ། དེའི་ཁྲིམས་འགལ་སྒྲིག་འགལ་གྱི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1