མཛོད་དགེ་རྫོང་མི་དམངས་སྨན་ཁང་གིས2023ལོའི་སྨན་བཅོས་ལས་ཁུངས་ཀྱི་གསོ་སྦྱོང་ཚོགས་འདུ་བསྡུས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18



        མུ་མཐུད་དུ་གཞི་རིམ་སྨན་བཅོས་ཀྱི་འཚིག་རྨས་དང་མྱུར་སྐྱོབ།  ཟུག་གཟེར་གཅོད་པ།  བྱས་པའི་རྒྱུ་གཟེར། སྦྲུམ་མའི་མངལ་བཙའ་གོང་གི་ཞིབ་བཤེར།  མངལ་སྦྲུམ་སྐབས་ཀྱི་བདེ་སྲུང་སོགས་ཀྱི་བྱེད་སྒོའི་ཆུ་ཚད་ཇེ་མཐོར་བཏང་སྟེ།  གཞི་རིམ་སྨན་ཁང་གི་ནད་ཐོག་སྨན་པའི་སྣ་འཛོམས་བྱང་ཚད་དང་བྱེད་སྒོའི་ནུས་པ་ཇེ་ཆེར་གཏོང་ཆེད།  ཉེ་ཆར་མཛོད་དགེ་རྫོང་མི་དམངས་སྨན་ཁང་གིས་ཏེ་དབྱང་གྲོང་ཁྱེར་གསོ་རིག་སློབ་ཚོགས་ཀྱི་འཚིག་རྨས་གཤགས་བཅོས་ཀྱི་ཕྱི་ནད་ཆེད་ལས་ཨུ་ལྷན་དང་།  ཀྲུང་ཧྭའི་དང་བླངས་པའི་མཐུན་ཚོགས།  ཏེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་།  ཀོང་ཡོན་གྲོང་ཁྱེར་ལྟེ་གནས་སྨན་ཁང་བཅས་ཀྱི་མངག་གཏོང་ཆེད་མཁས་པ་གདན་དྲངས་ཏེ།  2023ལོའི་སྨན་བཅོས་ལས་ཁུངས་ཀྱི་གསོ་སྦྱོང་ཚོགས་འདུ་བསྡུས།  མཛོད་དགེ་རྫོང་གི་ཡུལ་གྲོང13ཀྱི་འཕྲོད་བསྟེན་ཁང་དང་རྫོང་རིམ་པའི་སྨན་ཁང4ཡི་སྨན་དོན་མི་སྣ60ལྷག་ཐེངས་འདིའི་གསོ་སྦྱོང་དུ་ཞུགས།

        གསོ་སྦྱོང་ཚོགས་འདུར་ཆེད་མཁས་པས་བྱེ་བྲག་ཏུ་དལ་བའི་རང་བཞིན་གྱི་རྨ་ཁ་སྨན་བཅོས་དང་མྱུར་བའི་རང་བཞིན་གྱི་རྨ་ཁ་སྨན་བཅོས།  ཕྱི་རྨས་ཀྱི་སྨན་པ་མ་བསྟེན་གོང་གི་ཐག་གཅོད་བཅས་ཀྱི་ཆེད་ལས་ཤེས་བྱ་སློབ་ཁྲིད་གནང་།  ཆེད་མཁས་པའི་སློབ་ཁྲིད་གསོན་ཉམས་ལྡན་ལ་ཉན་མཁན་གྱིས་གཟབ་ནན་ངང་མཉན་པ་དང་། ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་དུ་ཐེངས་འདིའི་གསོ་སྦྱོང་གི་ཆེད་ལས་ཞིབ་ཆ་ཆེ་ལ་ཕན་འབྲས་ཆེ་ཞིང་།  གཅིག་བསྡུས་རང་བཞིན་གྱི་ཆེད་ལས་ཤེས་བྱ་གསབ་སྣོན་གྱི་བརྒྱུད་རིམ་ཐེངས་ཤིག་ཡིན་པས།  གཞི་རིམ་སྨན་དོན་མི་སྣའི་ཆེད་ལས་གོ་རྟོགས་ཇེ་ཆེར་བཏང་བར་མ་ཟད།  མཐོང་རྒྱ་བསྐྱེད་ཅིང་འདུ་ཤེས་གསར་སྒྱུར་བྱས་པ།  རྗེས་སོར་སྤུས་ཀ་ལྡན་པའི་གསོ་སྦྱོང་འདི་རིགས་མང་དུ་སྤེལ་བའི་རེ་བ་ཆེ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1