ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་18ཉིན། ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་ཁ་པར་གྲོས་ཚོགས་ཀྱི་ཟིན་ཐོ་ལས་མངོན་པར། ཨ་རིས་ལྗར་པན་དུ་འཚོག་རྒྱུའི་རྒྱལ་ཁབ་བདུན་གྱི་ཚོགས་པའི་(G7)དབུ་ཚོགས་ཐོག ཨུ་རུ་སུར་དམིགས་ནས་ལག་བསྟར་བྱ་རྒྱུའི་བཀག་སྡོམ་གསར་པ་ཁྱབ་བསྒྲགས་བྱས་ཏེ། ཨུ་རུ་སུའི་དམག་དོན་དངོས་ཤུགས་དང་དམག་ཆས་མ་ལག་ཉམས་ཞན་དུ་གཏོང་རྒྱུ་ཡིན་པ་རེད།