ངོ་མཚར་རྟེན་རྫས་བཤམས་མཛོད་ཁང་དུ་མྱོང་རོལ་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-22



        འདི་ལོའི་ཟླ་5ཚེས་18ཉིན་ནི“རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ”ཐེངས་47པ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“རྟེན་རྫས་བཤམས་མཛོད་ཁང་། རྒྱུན་མཐུད་རང་བཞིན་དང་མཛེས་སྡུག་ལྡན་པའི་འཚོ་བ”ཞེས་པ་དེ་རེད། ཚེས་18ཉིན། རང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་ཉར་ཚགས་དངོས་པོར་ལྟ་སྐོར་དང་རྣམ་པ་སྣ་ཚོགས་ཀྱི་ཉམས་ལེན་བྱེད་སྒོར་ཞུགས་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་རེད།

འདི་ནི་གྲོང་མིས་མངའ་རིས་རྟེན་རྫས་བཤམས་མཛོད་ཁང་དུ་རྒྱན་གོས་འགྲེམས་དངོས་ལ་ལྟ་བཞིན་པ།

འདི་ནི་ལྟད་མོ་བས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་སློབ་མས་བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1