མཛོད་དགེའི་ཁོངས་ཡོངས་ལྗོངས་སྐོར་ཡར་ངོའི་ཟླ་ལྟར་འཕེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-23


ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་གསར་བ་ཇེ་བརྟན་དུ་བཏང་བ། 

        མཐོ་སྒང་གི་བརླན་སའི་སྐྱེ་ཁམས་ལྗོངས་སྐོར་མཛེས་ཤོས་བསྐྲུན་པར་དམིགས་ནས། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ཏེ། རྨ་ཁུགས་དང་བོའི་5Aརིམ་པའི་མཛེས་ལྗོངས་ཁུལ་གཉེར་མགོ་ཚུགས། མཚོ་ཁྱ་ཁྲེབ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་དང་། སྐར་མཚོ་འབྲོག་ར། མཚོ་ཁྱ་ཁྲེབ་དཀར་ཁུང་སོགས་ཁང་འཁོར་སྒེར་གཏོང་སྒར་སོགས་ལྗོངས་སྐོར་ལས་རིགས་གསར་བ་འཚོལ་གཉེར་བྱས། ལྔ་འཆར་བཅུ་བཞི་བའི་རིག་གནས་ལྗོངས་སྐོར་གྱི་གཙོ་གནད་རྣམ་གྲངས་30འཆར་འགོད་དང་མ་དངུལ་སྒོར་དུང་ཕྱུར་55བཏང་སྟེ། ལྗོངས་སྐོར་གྱི་མ་ལག་སྔར་བས་འཐུས་ཚང་དུ་བཏང་།

རིག་གནས་ལྗོངས་སྐོར་མཉམ་འདྲེས་ཀྱི་མཛོད་དགེའི་དཔེ་སྟོན་ཁུལ་བསྐྲུན་པ།  

        ལྗོངས་སྐོར་དང་ལས་རིགས་གཞན་མཉམ་འདྲེས་ཀྱི་ལས་དོན་གང་ལེགས་གཉེར་ཏེ། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ལྗོངས་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ལ་དམིགས་ནས། རྨ་ཆུའི་རིག་གནས་དང་རྒྱང་སྐྱོད་རིག་གནས། འབྲོག་ལས་རིག་གནས། ཞིང་ལས་རིག་གནས་བཅས་ཀྱི་ལས་སྒོ་ཟབ་སྤེལ་སྒོས། ལོ་རེ་བཞིན་རྨ་ཁུགས་དང་བོ་དང་མཚོ་ཁྱ་ཁྲེབ་སྐྱེ་ཁམས་ལྗོངས་སྐོར་ཁུལ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་བཏང་ཞིང་། སྤུས་ལེགས་ངང་དཔལ་སྐྱིད་གྲོས་ཚོགས་གནས་ཤུལ་དང་ཀྲོའུ་ཨེན་ལའེ་ཡི་བཞུགས་གནས་རྙིང་བ་སོགས་གསར་བརྗེའི་ལྗོངས་སྐོར་ཉམས་གསོའི་ལས་གཞི་ལེགས་པོ་བསྒྲུབས། མཁའ་མཐའི་ཆུ་ཤེལ་སོགས་གྲགས་ཅན་ལྗོངས་སྐོར་ཁུལ་གསར་སྤེལ་བྱས་ཤིང་། དཔལ་སྐྱིད་གྲོས་ཚོགས་3Aརིམ་པའི་གསར་བརྗེའི་མཛེས་ལྗོངས་ཁུལ་རེ་ཞུ་བྱས་པ། རྫོང་ཡོངས་སུ་Aརིམ་པའི་ལྗོངས་ཁུལ་6ལེགས་པར་བཏོད།

རྒྱལ་སྤྱིའི་ཚད་གཞི་ལྟར་ཕྱོགས་བཞི་མཉམ་འགུལ་གྱི་དྲིལ་སྒྲོག་སྒུལ་ནུས་གསར་བ་བསྐྲུན་པ། 

        མཛོད་དགེ་འཛམ་གླིང་ལ་ངོམ་ཞེས་པའི་ཁོངས་ཡོངས་ལྗོངས་སྐོར་གཉེར་ཚོང་རྒྱུན་མཐུད་ངང་སྤེལ་བ། དྲ་ཐོག་དང་དྲ་འོག་གི་རིག་གནས་ལྗོངས་སྐོར་འོས་སྦྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཁྲེང་ཏུའུ་དང་ཞི་ཨན། ཁྲུང་ཆིང་། ལན་ཀྲོའུ་སོགས་གཙོ་གནད་གྲོང་ཁྱེར་དུ་རིག་གནས་ལྗོངས་སྐོར་དྲིལ་སྒྲོག་འོས་སྦྱོར་བྱས་ཤིང་། འདར་དབྱངས་དང་དྲ་གྲགས། དྲ་ལམ་སྐུལ་སྤེལ་བཅས་ཐད་གཏོང་20ལྷག་དང་བརྙན་ཐུང་100ལྷག་བཏང་ནས། འཛམ་གླིང་ལ་མཛོད་དགེ་ངོམ་ཞེས་པའི་དྲིལ་སྒྲོག་བརྙན་ཐུང་ཨ་རིའི་ཉུག་ཡོའུ་དུས་རབས་ཐང་ཆེན་དུ་ལེགས་པར་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1