ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་5ཚེས་21ཉིན་གྱི་ཆུ་ཚོད་23དང་སྐར་མ་45ཡི་ཐོག་(ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་22ཉིན་གྱི་ཆུ་ཚོད་2དང་སྐར་མ་45)སུའོ་ལུའོ་མོན་གླིང་ཚོམ་དུ་ས་ཡོམ་རིམ་པ་6.0བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་70ཡིན་པ། ཡོམ་ལྟེ་ལྷོའི་འཕྲེད་ཐིག་ཏུའུ་10.20ཡིན་པ་དང་། ཤར་གྱི་གཞུང་ཐིག་ཏུའུ་161.50ཡིན་པ་རེད།