ཟླ་ཆུའི་ཐོག་ཏུ་དམངས་ཕན་ཟམ་པ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


        སྡེ་དགེ་རྫོང་དབོན་ཐོག་གྲོང་རྡལ་གྱི་མི་260ལྷག་ལོ་ལྟར་དཀར་མཛེས་རྫོང་ཟླ་ཐང་མ་ལ་འབུ་རྐོ་ས་འགྲོ་བཞིན་ཡོད། དཀར་མཛེས་རྫོང་གི་འབུ་རྐོ་སའི་ས་ཁུལ་བགོ་སྟངས་ལྟར་དུ། ཆུ་ངོགས་གཉིས་ཀ་དབོན་ཐོག་མང་ཚོགས་ཀྱི་གནས་སྐབས་འབུ་རྐོ་སའི་ས་ཁུལ་ཡིན་ཞིང་། ཟླ་ཆུ་འབོག་ནས་ཆུ་བོའི་ཕ་རོལ་དུ་འགྲོ་དགོས་ལ། སྤྱི་ཟླ་ལྔ་པ་ཡིན་ནའང་ཆུ་ཤིན་ཏུ་གྲང་མོ་ཡིན་པས། དབོན་ཐོག་གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་ཡུལ་དངོས་སུ་བརྟག་དཔྱད་བྱས་རྗེས། འབྲོག་པ་མང་ཚོགས་རྣམས་ཉིན་ལྟར་ཆུ་འབོག་ནས་འགྲོ་བཞིན་པར་མ་ཟད། དྲག་ཆར་བབས་སྐབས་ཆུ་བོ་རྒྱས་ནས་མིའི་ཚེ་སྲོག་ལ་གནོད་པ་ཡོད་ཚུལ་ཤེས་རྟོགས་བྱུང་། དེ་བས་ཟླ་ཆུའི་ཐོག་དམངས་ཕན་ཟམ་པ་འཛུགས་པར་ཐག་བཅད་པ་རེད། ཟམ་པ་འདི་ནི་དམངས་ཕན་ཟམ་པ་ཞིག་ཡིན་པ་མ་ཟད། དམངས་སེམས་སྦྲེལ་བའི་ཟམ་པ་ཞིག་ཀྱང་རེད། ཟམ་པ་འདི་ཟླ་ཆུའི་ཐོག་བཙུགས་ཡོད་པ་མ་ཟད། མི་སེར་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་མི་སེར་ཚོའི་སེམས་ཁམས་སུ་བཙུགས་ཡོད་ལ། དེ་དང་དུས་མཚུངས་སུ་དབོན་ཐོག་གྲོང་རྡལ་གྱི་ཏང་འཛུགས་ཀྱིས་སྣེ་ཁྲིད་པའི“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལམ་བུའི་ཐོག་བཙུགས་ཡོད། དམངས་ཕན་ཟམ་པ་བཙུགས་ཟིན་རྗེས། མང་ཚོགས་ཀྱིས་རང་འགུལ་སྒོས་ཁ་དར་ཕུལ་ནས། དབོན་ཐོག་གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་འབྲོག་པ་མང་ཚོགས་ཀྱི་ལམ་དུ་བགྲོད་དཀའ་བ་དང་ཆུ་ལས་བརྒལ་དཀའི་བའི་གནད་དོན་ཐག་གཅོད་སོང་ཞེས་ཟེར། མ་འོངས་པར་དབོན་ཐོག་གྲོང་རྡལ་གྱིས་གོམ་གོང་མདུན་སྤོས་ཀྱིས་དམངས་ཀྱི་རེ་བ་ལྟར། དམངས་ཕན་ཟམ་པ་དང་དམངས་སེམས་སྦྲེལ་བའི་ཟམ་པ་དེ་བས་མང་པོ་གཟུགས་རྒྱུ་རེད། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1