མཚོ་སྔོན་རྨ་ལྷོས་འཛམ་གླིང་ལ་ཁམས་རའི་མཛེས་སྡུག་ངོམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 05-24


         དམར་མདོག་གི་གཡའ་མར་ལོ་དང་ཟླ་བའི་ཆར་རླུང་གི་ཞུམ་བརྡར་ཁྲོད། ཟངས་མདོག་གི་བྲག་རིའི་མཛེས་ལྗོངས་ཆགས་ཡོད་པ་དང་། དེའི་རི་འདབས་ཀྱི་མཚེའུ་ནི་སྔོ་ཞིང་དྭངས་ལ། ལྷིང་འཇགས་ཁྲོད་ལྟེམ་མེར་འཁྱིལ་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་ཤར་བྱང་མཐའ་ཁུལ་དུ་ཆགས་ཤིང་། ཀྲུང་གོའི་ས་གཤིས་སྡེ་ཚན་གྱི་སྐས་རིམ་དང་པོ་དང་གཉིས་པའི་བར་བརྒལ་ས་ཁུལ་དུ་གནས་ཡོད་ལ། མདོ་དབུས་མཐོ་སྒང་འབུར་བ་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་གནས་འགག་ས་ཁུལ་ཞིག་ཡིན།

        2019ལོའི་ཟླ11པར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱིས་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་རྨང་གཞིར་བྱས་ཏེ། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གསར་འཛུགས་སྙན་ཞུའི་ལས་དོན་སྤེལ་མགོ་བརྩམས། 2022ལོའི་ཟླ3པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གཞུང་ཕྱོགས་དྲ་བས་སྤྱི་བསྒྲགས་སྤེལ་ཏེ། གསར་འཛུགས་སྙན་ཞུ་བྱས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དེ2021ལོ་ནས2022ལོའི་བར་གྱི་གོ་ལ་ཡོངས་ཀྱི་འཛམ་གླིང་གི་ས་གཤིས་སྤྱི་གླིང་འདེམ་སྒུག་ས་ཁུལ17གྲས་སུ་ཚུད་ཡོད། འཆར་གཞི་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་འཛམ་གླིང་ས་གཤིས་སྤྱི་གླིང་གི་ཆེད་མཁས་པས་ད་ལོའི་ཟླ7པར་ཡུལ་དངོས་སུ་རྟོག་ཞིབ་དཔྱད་འཇོག་ལས་དོན་སྤེལ་རྒྱུ་རེད། ཁམས་ར་ས་གཤིས་སྤྱི་གླིང་གསར་འཛུགས་སྙན་ཞུ་ལེགས་འགྲུབ་བྱུང་རྗེས་དེ་ནི་ཁུ་ནུ་རི་བོ་འཛམ་གླིང་ས་གཤིས་སྤྱི་གླིང་གི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་འཛམ་གླིང་ས་གཤིས་སྤྱི་གླིང་ཨང་གཉིས་པར་འགྱུར་རྒྱུ་རེད། །

སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཁམས་ར་མཚེའུ།

ཁམས་རའི་མཛེས་ལྗོངས།


ཁམས་རའི་བྲག་དམར་ས་གཤིས།


རྨ་ཆུ་དང་བྲག་རི་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་ཆགས་པ།


སྔོ་རྒྱ་འགག་ཆུ་གློག་ས་ཚིགས་ཀྱི་ཁམས་ར་མཚེའུ།


ཁམས་རའི་རྨ་ཆུའི་མཛེས་སྡུག

ཁམས་རའི་མཛེས་ལྗོངས།

ཁམས་རའི་མཛེས་ལྗོངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1