བེ་ཤའི་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་སུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-25


        ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བའི་ལོ་ཡིན་པས། སི་ཁྲོན་བོད་སྐད་རླུང་འཕྲིན་དང་དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་༼མཛེས་པའི་གྲོང་གསེབ་གཏམ་གྱིས་འགྲིམ་པ་༽ཞེས་པའི་བཅར་འདྲིའི་ཚོ་ཆུང་ཉག་ཆུ་ཁར་འབྱོར་ཡོད།

        ཉག་ཆུ་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་དང་། རྒྱལ་ལམ་318གྱི་འགྲམ་རྒྱུད་དུ་གནས་ཡོད་ལ། རྫོང་འདིའི་ནགས་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་ཤིང་གནམ་གཤིས་ཀྱི་དྲོད་ཚད་རན་པས་བེ་ཤ་གཙོ་བོར་བྱས་པའི་རི་སྐྱེས་ཤ་མོ་སྤུས་ལེགས་མང་པོ་སྐྱེ་ཞིང་། ལོ་རེར་བེ་ཤ་ཆ་སྙོམས་ཐོན་ཚད་ཏུན་800ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་བེ་ཤའི་ཐོན་ཚད་བསྡོམས་འབོར་གྱི་15%བཟུང་ཡོད་པས། སྔ་རྗེས་སུ་ཀྲུང་གོའི་བཟའ་བྱའི་ཤ་མོ་མཐུན་ཚོགས་དང་ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱི་“ཀྲུང་གོའི་བེ་ཤའི་འབྱུང་གནས་”ཞེས་པའི་མཚན་སྙན་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1