སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལེགས་འཛུགས་གཙིགས་སུ་འཛིན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལེགས་འཛུགས་སྐོར་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། ཟླ5པའི་ཚེས21ཉིན། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་དམངས་སྲིད་ཅུས། སྟག་ཚ་གྲོང་རྡལ་བཅས་ཀྱིས་མཉམ་དུ་སྐྱ་རེངས་སྡེ་ཁུལ་དུ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་བ་འཆང་ཞིང་བཞུད་ལམ་གསར་བ་འབད་པས་སྐྱོང་ཞེས་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
བྱེད་སྒོར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྫོང་དམངས་སྲིད་ཇུས་ཀྱིས་ལས་སྒྲུབ་པས་བྱེ་བྲག་ཏུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས》《གཞོན་ནུ་སྲུང་སྐྱོང་བཅའ་ཁྲིམས》 གཉེན་དོན་དོ་དམ་སྲིད་ཇུས་དང་དུག་འགོག་ཤེས་བྱ་བཅས་སྒྲོག་འགྲེལ་གནང་བ་དང་སྦྲགས། ཁྱིམ་སྲོལ་དང་ཁྱིམ་གྱི་གདམས་ངག་སྐོར་གྱི་གཏམ་རྒྱུད་མཉམ་སྤྱོད་དང་། བུ་ཕྲུག་དང་ཕ་མ་མཉམ་འབྲེལ་གྱི་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་ཁྱིམ་ཚང་གིས་དགེ་སྤེལ་ཡར་བརྩོན་གྱི་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་སྒོས། ཁྱིམ་ཚང་སློབ་གསོའི་ཁྲོད་ཚན་རིག་ལྟར་བུ་ཕྲུག་སྐྱོང་ཞིང་བུ་ཕྲུག་གི་བདེ་ཐང་འཚར་ལོངས་ལ་མཐོང་ཆེན་བྱེད་པ། རང་དཔེ་གཞན་སྟོན་དང་སྤྱོད་བཟང་མི་སྐྱོང་། ཁྱིམ་གྱི་སྤྱོད་བཟང་དར་སྤེལ་དང་ཡ་རབས་ཁྱིམ་སྲོལ་ཁྱབ་སྤེལ་བཅས་ཀྱི་སྒོ་ནས། བུ་ཕྲུག་རྣམས་ཀྱིས་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་བར་རོགས་རམ་བྱས། བྱེད་སྒོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོ་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ཀློག་དེབ་དང་། ཁྱིམ་ཚང་སློབ་གསོའི་ཤེས་བྱ། དུག་འགོག་བཅས་ཀྱི་སྒྲོག་ཤོག400ལྷག་བཀྲམ་པ་དང་། བྱ་དགའི་དངོས་རྫས6དང་དྲན་རྟེན་དངོས་རྫས65སྟེར།
ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། ཁྱིམ་བདག་དང་བུ་ཕྲུག་བར་གྱི་བརྩེ་བ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་བར་མ་ཟད། ཁྱིམ་བདག་གི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོའི་གོ་རྟོགས་ཇེ་ཆེར་བཏང་སྟེ། ཁྱིམ་ཚང་སློབ་གསོའི་ལྟ་བ་ཡང་དག་པར་བསྐྲུན།