པར་འདི་ནི་ལྷ་རི་རྫོང་ཉི་འོད་ཤང་གི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
པར་འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་དྲན་རྟེན་པར་རྒྱག་བཞིན་པ།
པར་འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་གཙང་རྟོགས་ཤང་ཆ་གྲོང་ཚོའི་གཙང་རྟོགས་གླིང་གར་བྱིས་པ་ཚོ་ཆུ་རྩེད་རྩེ་བཞིན་པ།
ལྔ་གཅིག་གུང་གསེང་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་116.77ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་73.25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.48ཟིན་པ་དེ་དུས་མཚུངས་ལས་61.52%འཕར་ཡོད། 2022ལོར་སྤོ་བོ་རྫོང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་127.86ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་7.63བྱུང་ཡོད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལོ་རེར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཙམ་གསར་དུ་སྣོན་ཐུབ་པ་དང་། ཐཱན་སྲ་འགྱུར་བྱེད་ཚད་ཏུན་ཁྲི་22.91དང་། གསོ་རླུང་མཁོ་འདོན་བྱེད་ཚད་ཏུན་ཁྲི་19.30 ལུད་གསོག་ཚད་ཏུན་ཁྲི་2.71 ལོར་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85བཅས་ཟིན་གྱི་ཡོད་པ་རེད། རེ་བའི་ཞིང་ས། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རི་སྔོན་ཆུ་དྭངས་དང་། གངས་རི་རྩྭ་ཐང་། གྲོང་གསེབ་ཀྱི་རིག་གནས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཚད་ལེགས་པའི་རྨང་གཞིའི་ཐོག་གྲོང་གསེབ་དར་རྒྱས་ལ་དམིགས་ཏེ། གྲོང་ཁྱེར་མཐའ་འཁོར་གྱི་ཡུལ་སྐོར་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་ལས་དོན་ཡག་པོ་བསྒྲུབས་པ་རེད། “ལྔ་གཅིག”གུང་གསེང་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་116.77ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་73.25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.48ཟིན་པ་དེ་དུས་མཚུངས་ལས་61.52%འཕར་ཡོད། ཞོགས་པའི་ཉི་གཞོན་ཕོ་བྲང་པོ་ཏ་ལར་འཕྲོ་སྐབས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོའི་ལག་རྩལ་བློ་འདྲི་བ་བསོད་ནམས་དབང་འདུས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ལས་ཡུལ་དངོས་སུ་བསྐྱོད། ཕ་ཡུལ་གྱི་ནགས་བཟོའི“ཕུགས་འདུན”ཆེད་ཁོང་གིས་བགྲང་བྱ་30ཡི་ལང་ཚོ་ལྷ་སའི་ཤིང་འཛུགས་ནགས་བཟོའི་ལས་ལ་ལེགས་སྐྱེས་ཕུལ་ཡོད། ལོ་63ལ་སླེབས་པའི་ཁོང་རྒན་ཡོལ་ཞུས་རྗེས། སླར་ཡང་ལས་འགན་ལྕི་པོ་ཁུར་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་འདེབས་འཛུགས་འགན་ལེན་ཚོགས་ཆུང་གི་ལག་རྩལ་བློ་འདྲི་བའི་འགན་འཁུར་བ་དང་། རང་ཉིད་དགའ་ཞེན་ཡོད་པའི་ལས་གནས་སུ་མུ་མཐུད་ལེགས་སྐྱེས་འབུལ་བཞིན་ཡོད། མི་རབས་ནས་མི་རབས་བར་གྱི་སྔོ་འདེབས་ལས་དོན་པ་ཚོས་རྒྱུན་མཐུད་འབད་འཐབ་བྱས་ནས་ལང་ཚོ་དང་རྔུལ་ཆུས་ཤིང་འཛུགས་ནགས་བཟོའི་ངོ་མཚར་གྱི་གཏམ་རྒྱུད་འབྲི་བཞིན་མཆིས། ལྷོ་རི་བྱང་རིའི་སྔོ་འགྱུར་ནི་ལྷ་སའི་སྐྱེ་ཁམས་ཀྱི་འདུ་འགོད་གལ་ཆེན་ཞིག་ཡིན་པ་དང་། ཆུ་རྩ་གསོ་འཁྱོངས་ཁུལ་དང་། ས་ཆུ་སྲུང་འཛིན། ཐཱན་སྲ་འགྱུར་དང་གསོ་རླུང་མཁོ་འདོན། མཁའ་རླུང་གཙང་སེལ་སོགས་ལ་སྐྱེ་ཁམས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་ལ། སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་གྲོང་མི་མང་ཚོགས་ཀྱིས་ཀྱང་སྡོད་མལ་དང་འཚམ་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་ཡོད། 2008ལོར་ལྷ་སའི་ཟམ་ཆེན་གྱི་ལྷོ་སྣེ་རུ་ལྷ་སའི་ལྷོ་རིར་སྡོང་ཕྲུག་ཚོད་འདེབས་ཐོག་མ་ལེགས་གྲུབ་བྱུང་ཡོད། 2011ལོར་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གིས་ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་བུམ་པ་རི་ནགས་ཤིང་གི་སྡོང་ཕྲུག་ཚོད་འདེབས་བྱ་ཡུལ་དུ་བྱས་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ནགས་བཟོའི་ལས་གྲྭའི་སྡོང་ཕྲུག་བཏབ་པ་དང་ནགས་གསོའི་ཐབས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། 2012ལོར་ལྷོ་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་དང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཆ་ཤས་ཤིག་ཡིན་པའི་ལྷོ་རིའི་སྤྱི་གླིང་རང་ལྗོངས་ཀྱི་ལུང་གཞུང་གི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་ཉམས་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མར་གྱུར་ཡོད། 2018ལོར་ལྷ་སས“ལྗང་མདོག་གྲོང་སྐོར”གྱི་གྲོང་ཁྱེར་ཉེ་འདབས་ཀྱི་རི་བོར་ནགས་བཟོའི་རྣམ་གྲངས(བྱང་རི)ལག་ལེན་བསྟར་ནས་ལྷ་སའི་བྱང་སྐོར་ལམ་དུ་སྐྱེ་ཁམས་སྲུང་བཅད་ཅིག་བསྐྲུན་པ་རེད། གྲོང་གསེབ་ཏུ་ཡུལ་སྐོར་བྱེད་མཁན་མང་བ། ཞོགས་པར་ལྷ་ས་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་18ཡོད་པའི་སྟག་གདོང་གྲོང་ཚོར་བྱ་བྱིའུ་སྣ་ཚོགས་ཀྱི་སྐད་ལྷང་ལྷང་དུ་གྲགས་པ་དང་། གྲོང་མིའི་ཁང་ཁྱིམ་གྲུ་བཞིའི་ཐོག་ཁ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་མཆིས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཤར་རླུང་དང་འགྲོགས་ནས་སྟག་གདོང་གྲོང་ཚོའི་གྲོང་མི་ཚེ་རིང་ཉི་མས་རྟ་བོགས་མར་གཏོང་བའི་ཚོང་བརྒྱབ་པ་དང་། 2022ལོ་ནས་བཟུང“རྟ་བཞོན་ཉམས་ལེན་ལྟེ་གནས་དང་བོད་ཁྱིམ་ཉམས་ལེན་ཁང”གི་མུ་འབྲེལ་ཞབས་འདེགས་ཞུ་འགོ་བརྩམས། སྟག་གདོང་གྲོང་ཚོས་མི་ཆོས་རིག་གནས་དང་གོམས་སྲོལ་ལ་བརྟེན་ནས་གསར་གཏོད་འཆར་འགོད་བྱས་ཏེ། རང་བྱུང་མཛེས་ལྗོངས་དང་། སྲོལ་རྒྱུན་དམངས་སྲོལ། ཕྱི་ཕྱོགས་སྒོ་དབྱེ། སྐར་ཚོགས་ལ་ལྟ་བ། གཉེན་སྒྲིག་པར་ལེན་སོགས་དེང་རབས་རྣམ་གྲངས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། ས་མཐོའི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གཙོ་བོ་བཏོད་ནས། ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་ཀྱི་གཙོ་གནད་ལས་སྟེགས་བསྐྲུན་ཡོད། གནས་སྟོད་འཁྱགས་རོམ་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་སུ་གནས་ཡོད། སྤོ་བོ་རྫོང་གིས་འཁྱགས་རོམ་ཡུལ་སྐོར་ལམ་ཐིག་ཧུར་ཐག་བཏོད་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་སྲུང་གིས་ཡུལ་སྐོར་བ་དེ་བས་མང་བས་འཁྱགས་རོམ་གྱི་མཛེས་ལྗོངས་མྱོང་རོལ་ཐུབ་པ་དང་། མང་ཚོགས་དེ་བས་མང་བར་སྐྱེ་ཁམས་ཡུལ་སྐོར་ཁྲོད་ནས་ཕན་པ་ཐོབ་པ་བྱས་སྟབས། “འཁྱགས་རོམ་གྱི་མཛེས་པ”སྲུང་སྐྱོང་ཐུབ་པ་མ་ཟད། མི་སེར་ཕྱུག་པོའི་ལམ་དུ་ཁྲིད་ཐུབ་ཡོད། 2022ལོར་སྤོ་བོ་རྫོང་གིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་127.86ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་7.63བྱུང་ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོས་གཉེར་བའི་ཉམས་ལེན་རྣམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བྱེད་སྒོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གར་སླེབས་པའི་ཡུལ་སྐོར་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་མྱོང་ཚོར་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་ཆུ་ཤུར་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་ནས་མཐའ་འཁོར་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། སྐྱེ་ཁམས་དང་ཡུལ་སྐོར་ཟུང་དུ་འབྲེལ་བ། རི་བོ་སྔོ་ཞིང་ལྗང་། ཆུ་མོ་དྭངས་ཤིང་གཙང་། འདམ་ར་མཛེས་ཤིང་སྡུག གྲོང་མི་འབྱོར་ཞིང་ཕྱུག ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་། སྟག་གདོང་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར། གནས་སྟོད་འཁྱགས་རོམ་ཡུལ་སྐོར་ལམ་ཐིག་སོགས་ཚང་མ་ནི་རང་ལྗོངས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡིན་པའི་འདུ་ཤེས་ལག་ལེན་བསྟར་བའི་བསྡུས་རིས་ཤིག་རེད། འཆར་འགོད་ལྟར་ན། 2030ལོར་སླེབས་སྐབས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ལས་ལྷ་སའི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས་སུ་འགྲོ་བ་དང་ས་ཁོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཀྱི་ཞབས་འདེགས་ནུས་པ་ཆེ་རུ་འགྲོ་ཡི་ཡོད་པ་རེད། ལས་གྲྭ་དེས་ལོ་རེར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཙམ་གསར་དུ་སྣོན་ཐུབ་པ་དང་། ཐཱན་སྲ་འགྱུར་བྱེད་ཚད་ཏུན་ཁྲི་22.91དང་། གསོ་རླུང་མཁོ་འདོན་བྱེད་ཚད་ཏུན་ཁྲི་19.30 ལུད་གསོག་ཚད་ཏུན་ཁྲི་2.71 ལོར་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85བཅས་ཟིན་གྱི་ཡོད་པ་རེད། དེ་དང་ཆབས་ཅིག མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་འགྲོ་བ། སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཐོན་པ་བཅས་ཐུབ་ངེས་རེད”ཅེས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཀྲི་ཀོང་གིས་ངོ་སྤྲོད་བྱས་པ་རེད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་གཞི་རྩ། རིག་གནས་ནི་བླ་སྲོག ཁྲོམ་ར་ནི་སྟོན་ཕྱོགས་བཅས་ཡིན་པས། མཛེས་ལྗོངས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ལྷོ་ཁའི་ལུང་གཞུང་ནས་བྱང་ཐང་ས་མཐོའི་བར་དང་། ཡར་ཀླུང་གཙང་པོའི་ངོགས་ནས་རི་བོ་ཧི་མ་ལ་ཡའི་རི་འདབས་བར། སྐྱེ་ཁམས་ཇེ་ཡག་ཇེ་ལེགས་སུ་སོང་བ་ལས་བོད་ཀྱི་གྲོང་གསེབ་ཡུལ་སྐོར་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཐུབ་ནས་རི་སྔོན་ཆུ་དྭངས་ཡག་པོ་བསྲུངས་པ་ནས་གསེར་རི་དངུལ་རི་ཐོབ་པའི་བར་གོང་མཐོར་སོང་ཡོད། སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་ཅིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”གཞན་སྒྱུར་ལམ་བུ་རྒྱ་སྐྱེད་གཏོང་བའི་འཚོལ་ཞིབ་གསར་པ་དང་ལག་ལེན་གསར་པའི་ཁྲོད་འཛམ་གླིང་རིམ་པའི་གསེར་བྱང་ཡག་པོ་སྤྱད་པ་དང་། སྐྱེ་ཁམས་དང་ཡུལ་སྐོར་ཟུང་འབྲེལ་ཡག་པོ་བྱས་ནས་འཛམ་གླིང་ལ་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། །