རྔ་བ་རྫོང་གིས་2023ལོའི་ཉ་རིགས་སྐྱེ་འཕེལ་གྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-12


        ཉེ་ཆར། རྔ་བ་རྫོང་གིས་རོང་ཝམ་ཡུལ་ཚོའི་པ་ལ་ཆུ་ཤུགས་གློག་ཁང་གི2023ལོའི་ཉ་རིགས་སྐྱེ་འཕེལ་གཏོང་བའི་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་རྒྱུར་སྐུལ་འདེད་བཏང་།

        ཐེངས་དེར་སྐྱེ་འཕེལ་དུ་བཏང་བའི་ཉ་རིགས་4ཡོད་པ་དང་། ཁྱོན་ཉ་ཁྲི་17.223ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་ཐོབ་པའི་ཉ་རིགས་ཁྲི་0.273ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་བའི་སྲུང་སྐྱོབ་ཐོབ་པའི་ཉ་རིགས་ཁྲི2.95ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཁྲི་10ཡོད་པ་དང་། རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་དམིགས་བསལ་དུ་ཡོད་པའི་ཉ་རིགས་ཁྲི་4བཅས་ཚུད་ཡོད་པ་རེད།

        རྒྱུས་ལོན་པ་ལྟར་ན། ཐེངས་དེའི་བྱེད་སྒོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བའི་བྱ་སྤྱོད་དངོས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་དོན་འཁྱོལ་དང་འབྲི་ཆུའི་སྟོད་རྒྱུད་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན།

        ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རྔ་བ་རྫོང་གིས་རིམ་པ་ཁག་གི(མཚེའུ)དཔོན་དང་སྐྱེ་ཁམས་དོ་དམ་པའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཚོ་སྐོར་དོ་དམ་བྱེད་ཤུགས་དང་ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་བྱེད་ཤུགས། ཆུ་ཁོངས་ཁོར་ཡུག་བཅོས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་པ། ཕྱི་རོལ་གྱི་འཚོ་སྡོད་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འགལ་ངང་འཛིན་བཟུང་བྱ་སྤྱོད་ཁྱོན་ཡོངས་ནས་གཏན་འགོག་བྱས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ཁུངས་སྲུང་སྐྱོང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ཁུངས་སླར་གསོ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1