༄༅། །ལོ་ངོ་དུང་ཕྱུར་16ནས་དུང་ཕྱུར་8སྔོན་གྱི་སྐྱེ་དངོས་རིགས་འདི་རྙེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-12


        རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན་《རང་བྱུང》གི་འདོན་ཐེངས་གསར་པར་ཞིབ་འཇུག་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ཞིབ་འཇུག་མི་སྣས་གནའ་བོའི་བྲག་རྡོ་ལས་ཤེས་རྟོགས་བྱུང་བའི་འདྲ་མཐུན་སྲ་ཕྲུན་རིགས་གསར་པ་ཞིག་སྟེ་ལོ་དུང་ཕྱུར་16ནས་ལོ་དུང་ཕྱུར་8གོང་གི་གདོད་མའི་འདྲ་མཐུན་སྲ་ཕྲུན་གྱི་ཆ་རྡུལ་ཞིག་རྙེད་པ་དང་། དེས་ རྙོག་འཛིང་ཆེ་བའི་དངོས་ཉིང་སྐྱེ་དངོས་ཀྱི་དུས་ཡུན་རིང་པོའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་གཏན་འཁེལ་བྱས་པ་མ་ཟད། ནོ་པེར་བྱ་དགའ་ཐོབ་མཁན་ཁང་ལ་ཏེ·པུའུ་ལུའོ་ཧོ(Konrad Blooooooh)ཡིས་ལོ་30ཡི་གོང་གི་གདོད་མའི་འདྲ་མཐུན་སྲ་ཕྲུན་ཆ་རྡུལ་གྱི་སྐོར་སྔོན་དཔག་ར་སྤྲོད་ཀྱང་བྱས་ཡོད་ཅེས་འཁོད་ཡོད་པ་རེད།

        དཔྱད་རྩོམ་དེའི་ནང་ངོ་སྤྲོད་བྱས་པར་གཞིགས་ན། དངོས་སྙིང་སྐྱེ་དངོས་དེ་ལོ་དུང་ཕྱུར་20ཙམ་འགོར་ཡོད་མོད་འོན་ཀྱང་སྐྱེ་དངོས་དེ་རིགས་ཀྱི་འགྱུར་རྡོ་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་པས་ཞིབ་འཇུག་མི་སྣས་ཆ་རྡུལ་གྱི་འགྱུར་རྡོ་ལས་འཚོལ་དགོས་པ་དཔེར་ན། དངོས་སྙིང་སྐྱེ་དངོས་བྲག་རྡོའི་ཐོག་ལུས་པའི་འདྲ་མཐུན་སྲ་ཕྲུན་གྱི་རྙིང་ཚབ་གསར་བརྗེའི་དངོས་པོ་ལྟ་བུ། ཡིན་ནའང་འགྱུར་རྡོ་འདི་རིགས་འཚོལ་བའི་དཀའ་ཁག་ཧ་ཅང་ཆེ།

        《རང་བྱུང》འདོན་ཐེངས་གཅིག་པར་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱི“གསར་འགྱུར་དང་ལྟ་བའི”ཐོག་རྩོམ་ཡིག་སྤེལ་ནས། དཔྱད་རྩོམ་གསར་ཤོས་ཀྱི་ཞིབ་འཇུག་ཐོག་ནས་དོན་དངོས་དེ་ཁང་ལ་ཏེ·པུའུ་ལུའོ་ཧེ་ཡི་མཇུག་བསྡོམས་ནང་བཤད་པ་ཞིག་མིན་པ་མ་ཟད། གདོད་མའི་རིགས་ཀྱི་འདྲ་མཐུན་སྲ་ཕྲུན་གྱི་རྗེས་ཤུལ་བྲག་རྡོའི་ཁྲོད་ལོ་དུང་ཕྱུར་10ལྷག་ཙམ་ལ་སོར་འཇོག་བྱས་པའང་གསལ་བཤད་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1