“ཡུན་རིང་ལ་ཆམ་པ་ལྟ་བུའི་ནད་ཅིག་ཀྱང་བྱུང་མྱོང་མེད་པའི་མི་ཡིན་ན། རིམས་འགོག་ནུས་པ་ཞན་པ་མཚོན་པ་དང་། གལ་ཏེ་ནད་ཅིག་བྱུང་བ་ཡིན་ན། དེ་ནི་འབྲས་སྐྲན་འདུས་པའི་ནད་རིགས་ཚབས་ཆེ་བ་ཡིན་སྲིད”ཅེས་མི་ཁ་ཤས་ཀྱིས་བཤད་པ་རེད། འདི་ལ་བལྟས་ན། ཕལ་ཆེར་རྒྱུན་དུ་ནད་བྱུང་བའི་མི་ནི་བདེ་ཐང་ཡིན་པ་དང་། ནད་མི་བྱུང་བའི་མི་ཡིས་སེམས་ཁྲལ་ཆེན་པོ་བྱ་དགོས་པ་ཞིག་ཏུ་སྣང་ཞིང་། ཆམ་པ་མི་བྱུང་བའམ་ཡང་ན་ཆམ་པ་ཕོག་ཚད་དམའ་བའི་མིའི་གནས་ཚུལ་ནི་མི་ལེགས་པ་ཞིག་ཏུ་གནས་པ་རེད།
དོན་དངོས་སུ་དེ་འདྲ་ཞིག་གཏན་ནས་མིན། མི་ཁ་ཤས་ལ་ཆམ་པ་བྱུང་བ་ཉུང་བའི་མི་ཚད། ད་དུང་ཚ་བ་རྒྱས་པ་ཡང་ཧ་ཅང་ཉུང་བ་ཡིན། དེའི་རྒྱུ་རྐྱེན་ཅི་ཡིན་ནམ་ཞེ་ན།
གཅིག་ནས་རིམས་འགོག་མ་ལག་གི་སྟོབས་ཆེ་བ་སྟེ། ནད་དུག་དང་ཕྲ་སྲིན་གང་རུང་ཞིག་ལུས་པོ་ལ་བྱུང་ན། རིམས་འགོག་མ་ལག་གིས་འཕྲལ་མར་རྩ་མེད་དུ་བཏང་སྟེ་ལུས་པོ་ལ་མི་བདེ་བའི་ཚོར་བ་མེད་པའི་དུས་ནས་ཚར་གཅོད་བྱེད་པ་ཡིན།
གཉིས་ནས་མི་སྒེར་གྱི་འགོག་སྲུང་བྱ་བ་བསྒྲུབས་པ་ལེགས་ཤིང་། ཁོར་ཡུག་ནང་གི་ནད་དུག་དང་ཕྲ་སྲིན་གྱི་འདུས་ཚད་ཉུང་བའམ་ཡང་ན་དུག་ནུས་དྲག་པོ་མིན་པ་སྟེ། ཆམ་པ་བྱུང་བ་ཉུང་བའི་མི་ཡི་རིམས་འགོག་ནུས་པ་ཞན་པ་ཡིན་ནམ་ཞེ་ན། དེ་ལས་ལྡོག་པ་སྟེ། ཆམ་པ་བྱུང་བ་ཉུང་བའི་མིའི་རིམས་འགོག་ནུས་པ་ཕལ་ཆེར་སྔར་བས་བཟང་བ་ཡིན།
མི་ཅི་འདྲ་ཞིག་ལ་རྟག་པར་ཆམ་པ་འབྱུང་བ་ཡིན་ནམ་ཞེ་ན། ལོ་ཆུང་བའི་བྱིས་པ་དང་རྒས་འཁོགས་སུ་གྱུར་པའི་ལོ་ལོན་རིགས་ཀྱིས་མཉམ་འཇོག་ཏོག་ཙམ་མ་བྱས་ན་ཡང་ཆམ་པ་ཕོག་པ་ཡིན། དེ་ལས་ལྡོག་པའི་དར་མའི་རིགས་ལ། ཆམ་པ་འབྱུང་རྒྱུ་ཧ་ཅང་ཉུང་བ་ཡིན། གནས་ཚུལ་འདི་ལ་ཞིབ་བསྡུར་བྱས་ན། སུ་ཞིག་གི་རིམས་འགོག་ནུས་པ་ཞན་པ་དང་སུ་ཞིག་ལ་འབྲས་སྐྲན་འབྱུང་སླ་བ་ནི་གསལ་བོར་ཤེས་པ་ཡིན།
གསུམ་ནས་ཆམ་པ་བྱུང་བ་དང་ཚ་བ་རྒྱས་པ་ཉུང་བའི་མི་ལ་འབྲས་སྐྲན་འབྱུང་སླ་བ་ཡིན་ནམ་ཞེ་ན། དེ་ཡང་མིན་པ་སྟེ། ཆམ་པ་བྱུང་བ་ཉུང་ན། ཁྱོད་ཀྱི་རིམས་འགོག་ནུས་པ་དྲག་པོ་ཡིན་པ་མཚོན་ཡོད།
གཞན་ད་དུང་། ཕལ་ཆེར་ནམ་རྒྱུན་ལག་པ་བཀྲུ་བ་དང་དུག་སེལ་བྱེད་པ། ཁ་ཐུམ་རྒྱག་པ་སོགས་མི་སྒེར་གྱི་འཕྲོད་བསྟེན་དང་འཚོ་བ་རོལ་སྟངས་ཀྱི་ཕྱོགས་ཚང་མ་བསྒྲུབས་པ་བཟང་བའི་དབང་གིས། ལུས་ལ་ནད་དུག་དང་ཕྲ་སྲིན་འབྱུང་བའི་གོ་སྐབས་ཧ་ཅང་ཉུང་ཡང་སྲིད། གལ་ཏེ། སྟབས་མ་ལེགས་པར་ནད་སྲིན་ཞིག་བྱུང་བ་ཡིན་ནའང་། སྐད་ཅིག་ཙམ་གྱི་ནང་ལ་ལུས་པོའི་ཆེས་གཞི་རྩའི་རིམས་འགོག་རྐྱེན་སྲོལ་གྱིས་རྩ་མེད་དུ་གཏོང་བ་ཡིན།
དེར་བརྟེན། ཆམ་པ་བྱུང་བ་ཉུང་བའི་མི་ལ་འབྲས་སྐྲན་འབྱུང་སླ་ཞེས་པ་ལ། ཚན་རིག་གི་གཞི་འཛིན་ས་ཅི་ཡང་མེད་པས། སེམས་ལ་གནོན་ཤུགས་ཡོད་མི་དགོས་སོ།།