བོད་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཙོ་གནས་བྱེད་སྒོ་ནོར་བུ་གླིང་གར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-14


        འདི་ནི་ཟླ་6ཚེས་10ཉིན། བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་རྒྱུན་རྣམ་ལྷ་མོའི་གཞས་གདངས་འཛིན་གྲྭའི་འཁྲབ་སྟོན་པ་ཆུང་ཆུང་ཚོས་འགོ་ཚུགས་མཛད་སྒོར་ལོ་ཆུང་བྱིས་པའི་ལྷ་མོ《བཀྲ་ཤིས་ཤོག》འཁྲབ་བཞིན་པ།

        འདི་ནི་ཟླ་6ཚེས་10ཉིན། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་བྲོ་པས་འགོ་ཚུགས་མཛད་སྒོར་མངོན་མིན་རིག་གནས་ཤུལ་བཞག་དོང་ལོ་རལ་པ་འཁྲབ་བཞིན་པ།

        ཟླ་6ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཙོ་གནས་བྱེད་སྒོ་ནོར་བུ་གླིང་གར་འགོ་ཚུགས་ཤིང་། བྱེད་སྒོའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་མངོན་པ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་སྲུང་སྐྱོང་གི་གྲུབ་འབྲས་དམངས་ཡོངས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་ཆེད་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1